“རྩ་གཉིས་ཨང་རྟགས”བཤེར་ཚེ་གནད་དོན་ཚང་མ་དྲ་ཐོག་ནས་འཕྲལ་དུ་སྒྲུབ་ཐུབ་པ།

འདི་ནི་ཟླ་9ཚེས་9ཉིན། ཀུའེ་ཀྲོའུ་ཞིང་ཆེན་ཁྲེ་ཧྲུའེ་གྲོང་ཁྱེར་ཧྲེ་ཀྲུང་ཁྲོམ་གཞུང་པིན་ཤིས་སྡེ་ཁུལ་དུ་ཏང་ཡོན་དང་བླངས་པས་མང་ཚོགས་ལ་རྩ་གཉིས་ཨང་རྟགས་བཤེར་ཏེ་དྲ་ཐོག་ནས་ལས་དོན་སྒྲུབ་སྟངས་ཀྱི་འབྲེལ་ཡོད་གནད་དོན་མཛུབ་ཁྲིད་བྱེད་བཞིན་པ།
ད་ལོ་ཚུན་དུ། ཀུའེ་ཀྲོའུ་ཞིང་ཆེན་ཁྲེ་ཧྲུའེ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས“ཁྲེ་ཧྲུའེ་ཡི་བྱ་བ་ཚང་མ་རྩ་གཉིས་ཨང་རྟགས་བཤེར་ན་འཕྲལ་དུ་སྒྲུབ་པའི”ཞབས་ཞུའི་ལས་སྟེགས་ཁྱབ་གདལ་བཏང་ཡོད། ཏང་ཡོན་ལས་བྱེད་པ་དང་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པས་སྣེ་ཁྲིད་པ་དང་མང་ཚོགས་ཞུགས་པར་སྐུལ་སློང་བྱས་ཏེ། མང་ཚོགས་ཀྱི་རེ་ཞུ་གཅིག་སྡུད་གོང་ཞུ་དང་། མགྱོགས་མྱུར་དང་ལེན་བྱེད་པ། གདུབ་ཟུམ་ཐག་གཅོད་བཅས་ཀྱི་ལམ་སྲོལ་བཙུགས་ནས། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་དུས་ཐོག་ཏུ་སེལ་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།