སྡེ་ཚན་གསུམ་གྱིས་གཟིགས་སྐྱོང་ལག་ཁྱེར་རྫུན་བཟོ་སོཌ་ཀྱི་འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ།
ཉེ་དུས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་དང་། སྤྱི་བདེ་པུའུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག《གཟིགས་སྐྱོང་ལག་ཁྱེར་རྫུན་བཟོ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་གི་གཟིགས་སྐྱོང་ལག་ཁྱེར་ནི་རྒྱལ་ཁབ་ལས་ཁུངས་ཀྱི་ལག་ཁྱེར་ཡིན་པ་དང་དེ་བཞིན་འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པའི་བཅའ་ཁྲིམས་ཀྱི་སྤྱོད་འཐུས་ཁ་གསལ་བཟོས་པ་དང་། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་གཟིགས་སྐྱོང་ལག་ཁྱེར་རྫུན་བཟོ་སོགས་ཀྱི་འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཐུབ་པར་འགན་ལེན་བྱས་ཏེ། གཟིཌ་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བཀོད་སྒྲིག་བྱས་པ་རེད།
བརྡ་ཐོའི་ནང་། གཟིགས་སྐྱོང་ལག་ཁྱེར་ནི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུས་ཁྲིམས་ལྟར་བཟོས་ནས་སྤྲད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལག་ཁྱེར་ཞིག་རེད། གཟིགས་སྐྱོང་ལག་ཁྱེར་རྫུན་བཟོ་དང་། སྒྱུར་བཟོ། ཉོ་འཚོང་བཅས་ཀྱི་འབྲེལ་ཡོད་བྱེད་སྤྱོད་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས་པ་དང་། ཉེས་གསོག་གི་དོགས་པ་ཡོད་རིགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》གཞིར་བཟུང་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱེད་དགོས། རྫུན་བཟོ་དང་སྒྱུར་བཟོ་བྱས་པའི་གཟིགས་སྐྱོང་ལག་ཁྱེར་སྤྱད་དེ་འགྲིམ་འགྲུལ་དང་རིག་གནས་ཡུལ་སྐོར་སོགས་གཟིགས་སྐྱོང་བྱ་ཡུལ་གྱི་གཟིགས་སྐྱོང་ཐོབ་ཐང་གཡོ་ལེན་བྱས་པའི་འབྲེལ་ཡོད་བྱེད་སྤྱོད་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས་པ། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་སྤྲད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་དམག་མིའི་ལག་ཁྱེར་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨས་སྐྱོན་ཕོག་པའི་མི་དམངས་ཉེན་རྟོག་པའི་ལག་ཁྱེར་གྱི་ངོ་བོ་གཟིགས་སྐྱོང་ལག་ཁྱེར་དང་གཅིག་མཚུངས་ཡིན་པ་དང་ཚང་མ་རྒྱལ་ཁབ་ལས་ཁུངས་ཀྱི་ལག་ཁྱེར་ཁོངས་སུ་གཏོགས་པས་འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས་ལུགས་བཏོན་ཡོད།
བརྡ་ཐོའི་ནང་། ས་གནས་ཁག་གི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་དང་། སྤྱི་བདེ་ལས་ཁུངས། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། དྲིལ་བསྒྲགས་དང་། སྔོན་འགོག ཞིབ་བཤེར་ཐག་གཅོད་སོགས་ཀྱི་ལས་དོན་མཉམ་དུ་སྤེལ་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།