དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས།

    ​མི་ཐབས་རིག་ནུས་ཀྱི་ཁེ་ལས་འབྲིང་ཆུང་གི་ལས་གཏོད་ཀྱི་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-12

    ཉེ་དུས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས《མི་ཐབས་རིག་ནུས་ཀྱི་ཁེ་ལས་འབྲིང་ཆུང་གི་ལས་གཏོད་ལ་རྒྱབ་སྐྱོར་གྱི་འཆར་གཞི(2026ལོ་ནས་2028ལོ་བར)》ཁྱབ་བསྒྲགས་བྱས་ཤིང་། རྒྱབ་སྐྱོར་འཆར་གཞིའི་ནང་བཏོན་དོན་ལོ་གསུམ་སོང་རྗེས་ལས་རིགས་ཉེར་སྤྱོད་དང་། གྲངས་གཞིའི་ཞབས་ཞུ། རིག་ནུས་རྩིས་ནུས་སོགས་གཙོ་གནད་ཁྱབ་ཁོངས་སུ་གསར་གཏོད་ཀྱི་གསོན་ཤུགས་ཆེ་བ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་བའི་མི་ཐབས་རིག་ནུས་ཀྱི་ལས་གཏོད་ཁེ་ལས་འབོར་ཆེན་ཞིག་སྐྱེད་སྲིང་དང་། ཚན་རྩལ་དང་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་ཁྲི་1ཡན་གསར་དུ་སྐྱེད་སྲིང་། ཆེད་ཞིབ་ཁྱད་གསར་བཞིའི་སྤུས་ལེགས་ཁེ་ལས་འབྲིང་ཆུང་2000ལྷག་ཙམ་ཟིན་པ་བཅས་བྱས་ནས། མཆོང་འཕེལ་ཁེ་ལས་དང་ཁེ་ལས་རྭ་གཅིག་མ་ཁག་གཅིག་ཐོན་པར་བྱ་རྒྱུ་རེད།

    མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ལས་གཏོད་ཁེ་ལས་ཀྱི་དགོས་མཁོ་དངོས་ལ་དམིགས་ནས། རྒྱབ་སྐྱོར་འཆར་གཞིས་ཕྱོགས་བཞི་དང་ཁག་15ཡི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཤིང་། བྱེད་ཐབས་གཙོ་བོའི་ནང་ཀུན་ཕན་རྩིས་ནུས་ཀྱིས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་ཆེད་དོན་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ་དང་། ས་གནས་ཁག་གིས་རིག་ནུས་ཡོ་བྱད་ལ་བརྟེན་ནས་བྱང་ཆ་དོད་པོས་ལས་གཏོད་བྱེད་པའི“མི་གཅིག་གི་ཀུང་སི”དང་རིམ་འདས་ཁེར་རྐྱང་སོགས་གཙོ་གཟུགས་ཆུང་གྲས་ལ་བསྟུན་མཁས་དང་རྒྱབ་སྐྱོར་བྱེད་པར་སྐུལ་མ་གཏོང་རྒྱུ། “རིག་ནུས་གདོད་གྲུབ”ཀྱི་ཁེ་ལས་མགྱོགས་མྱུར་སྐྱེད་སྲིད་བྱེད་པ། རྒྱལ་ཁབ་རིམ་པའི་མི་ཐབས་རིག་ནུས་ཁུངས་གསལ་སྡེ་ཁུལ(AtomGit)འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་པ། ཁེ་ལས་ཀྱི་རང་བརྟེན་གདེང་འཇོག་བྱས་འབྲས་ལ་གཞིགས་ནས་གཞིས་ཆགས་བདེ་སྡོད་དང་སྨན་བཅོས་འགན་སྲུང་སོགས་ལེ་ལག་ཚང་བའི་སྲིད་ཇུས་སུ་དོན་འཁྱོལ་བྱེད་པ་སོགས་ཚུད་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།