དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཞིབ་སྤེལ་མ་དངུལ་གཏོང་མང་ཤོས་ཀྱི་དམངས་གཉེར་ཁེ་ལས་1000གིས་རང་བརྟེན་གསར་གཏོད་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-12

    ཚེས་9ཉིན། 2026ལོའི་དམངས་གཉེར་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཚོགས་ཆེན་ཀྲེ་ཅང་དབུན་ཀྲོའུ་རུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2025ལོར་རང་རྒྱལ་གྱི་ཞིབ་སྤེལ་མ་དངུལ་གཏོང་མང་ཤོས་ཀྱི་དམངས་གཉེར་ཁེ་ལས་1000གིས་རང་བརྟེན་གསར་གཏོད་ལ་དེ་བས་ཤུགས་སྣོན་བརྒྱབ་པས་ཁེ་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་བརྟན་པོའི་ངང་ཆེ་རུ་དང་། ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ཆེ་རུ། གསར་གཏོད་ཀྱི་བྱེད་པོའི་གནས་བབ་སྔར་བས་བརྟན་དུ་ཕྱིན་པ་བཅས་བྱུང་ཡོད།

    ད་ཐེངས་ཀྱི་ཚོགས་ཆེན་གྱིས“གསར་གཏོད་ཀྱིས་མཉམ་ཤུགས་གཅིག་འདུས་དང་འབྱུང་འགྱུར་ལ་མཐུན་རྐྱེན་སྦྱོར་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཚོགས་འདུའི་ཐོག《2026ལོའི་ཞིབ་སྤེལ་མ་དངུལ་གཏོང་མང་ཤོས་ཀྱི་དམངས་གཉེར་ཁེ་ལས་1000གི་གསར་གཏོད་གནས་ཚུལ་གྱི་སྙན་ཞུ》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་ད་ཐེངས་ཚུད་པའི་དམངས་གཉེར་ཁེ་ལས་1000གི་ཞིབ་སྤེལ་མ་དངུལ་གཏོང་ཤུགས་དང་ཞིབ་སྤེལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ནས་ཞིབ་སྤེལ་ཐད་མ་དངུལ་གཏོང་ཚད་ཁྱོན་སྒོར་དུང་ཕྱུར་ཁྲི་1.59ཟིན་པ་དེ་དུས་མཚུངས་ལས་10.72%འཕར་ཡོད། དེའི་ནང་ཁེ་ལས་640ནི“ལག་རྩལ་འདུས་ཚད་མཐོ་བ་དང་། རིན་ཐང་ཆེ་བ། འཕེལ་རྒྱས་མྱུར་བ”བཅས་ཀྱི་ཁེ་ལས་རེད།

    སྙན་ཞུའི་ནང་། ཚུད་པའི་ཁེ་ལས་ཀྱི་སྤྱིའི་གཞི་ཁྱོན་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ཁེ་སྤོགས་བསྡོམས་འབོར་རྒྱུན་མཐུད་འཕར་བ། ལས་ཞུགས་མི་སྣའི་གྲངས་འབོར་མང་དུ་དང་ཆུ་ཚད་མཐོ་རུ་ཕྱིན་པ་བཅས་བྱུང་བ་མ་ཟད། གྲོང་གསེབ་དར་རྒྱས་དང་སྤྱི་ཕན་དགེ་སྒྲུབ་ལས་དོན་ཧུར་ཐག་སྤེལ་ཡོད། དེ་མ་ཚད་ཚུད་པའི་ཁེ་ལས་ཀྱིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ཏེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་ཅེས་བསྟན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།