དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨའོ་མོན་གྱི་སློབ་གྲྭ་གསུམ་ཨའོ་ཆིན་རྒྱལ་སྤྱིའི་སློབ་གསོ(སློབ་ཆེན)གྲོང་དུ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-12

    ཚེས་8ཉིན། ཨའོ་མོན་སློབ་ཆེན་དང་། ཨའོ་མོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཨའོ་མོན་ཡུལ་སྐོར་སློབ་ཆེན་བཅས་ཀྱི་2026/2027སློབ་ལོའི་སློབ་འགོ་ཚུགས་པའི་མཛད་སྒོ་ཨོ་ཆིན་རྒྱལ་སྤྱིའི་སློབ་གསོ(སློབ་ཆེན)གྲོང་གི་དུས་ཐེངས་དང་པོའི་སློབ་ཁུལ་དུ་འཚོགས་ཤིང་། ཞིབ་འཇུག་སློབ་མ་1450ལྷག་ཙམ་སློབ་གྲྭར་ཞུགས་ནས་མི་ཐབས་རིག་ནུས་དང་། གློག་རྡུལ་ཕྲ་རབ། གྲངས་གཞི་ཆེ་མོ་དང་ཟོག་འབྲེལ་དྲ་རྒྱ། རིག་གནས་བསམ་བཀོད་ཐོན་ལས་དོ་དམ་སོགས་ཀྱི་སློབ་ཚན་སློབ་སྦྱོང་བྱ་རྒྱུ་ཡིན་པ་རེད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲེང་ཤིན་ཚུང་སོགས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“ཨའོ་ཆིན་རྒྱལ་སྤྱིའི་སློབ་གསོ(སློབ་ཆེན)གྲོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཨའོ་མོན་གྱི་མཐོ་སློབ་ཧེང་ཆིན་དུ་སློབ་གཉེར་སྣུར་སྲིང་ལ་རྒྱབ་སྐྱོར་བྱེད་དགོས”ཞེས་བཏོན་ཡོད། སློབ་ཆེན་གྲོང་གི་དུས་ཐེངས་དང་པོའི་སློབ་ཁུལ་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་ཨའོ་ཆིན་གྱིས་སློབ་གཉེར་སྣུར་སྲིང་ཐད་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོས་པ་མཚོན་པ་དང་། སློབ་ཆེན་གྲོང་གིས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་གཞི་གཅིག་ཅན་སྣེ་ཁྲིད་དུ་བྱས་ཏེ་ཨའོ་ཆིན་ས་ཁུལ་གཉིས་ཀྱི་ཐོན་ཁུངས་མཉམ་འགུལ་གྱི་ལེགས་ཆར་བརྟེན་ནས། ཨའོ་མོན་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་རང་འགུལ་ངང་མཉམ་འདྲེས་དང་ཞབས་འདེགས་ཞུ་རིང་གསོན་ཤུགས་གསར་པ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཆེན་གྲོང་དུས་ཐེངས་གསུམ་ལ་དབྱེ་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་དུས་ཐེངས་དང་པོ་ལས་མཇུག་འགྲིལ་བ་རེད། དུས་ཐེངས་གཉིས་པར་ཨའོ་མོན་སློབ་ཆེན་གཙོ་བོར་བྱེད་པ་དང་སྔོན་དཔག་བྱས་ན་2029ལོར་སྤྱིར་ན་བསྐྲུན་ཟིན་ནས་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད། དུས་ཐེངས་གསུམ་པར་ཨའོ་མོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་ཨའོ་མོན་ཡུལ་སྐོར་སློབ་ཆེན་གཙོ་བོར་བྱེད་པ་དང་2027ལོར་ཇུས་འགོད་དང་ཨར་སྐྲུན་བྱེད་འགོ་འཛུགས་རྩིས་ཡོད་པར་2030ལོར་སྐྲུན་ཟིན་པ་བྱ་རྒྱུ་རེད། 


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།