དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • སྨན་རྫས་ལྟ་འདོམས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-12

    ཚེས་10ཉིན། སྨན་རྫས་ལྟ་འདོམས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཧོང་གོ་ཡིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་གིས་ཤིས་ཚིག་གསུངས་པ་རེད།

    ཧོང་གོ་ཡིས། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ནས་འགོ་བཙུགས་ཏེ་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་ཡིན་ཞིང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དུས་རབས་གསར་པའི་སྨན་རྫས་ལྟ་འདོམས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་གྱི་ལས་འགན་དང་འགན་འཁྲི་ཁོང་དུ་གཏིང་ཟབ་ཆུད་པ། དུས་འགོའི་ཉམས་མྱོང་ཕྱོགས་སྡོམ་བཅས་བྱས་ནས་བོད་སྐྱོར་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལག་རྩལ་དང་། ཤེས་ལྡན་པ། རྣམ་གྲངས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་དང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་ཤུགས་ཆེ་རུ་བཏང་ནས། བོད་སྐྱོར་ལས་དོན་ལ་ཚད་བརྒལ་གསར་པ་འཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཀྲའོ་ཕེང་གིས་ཤིས་ཚིག་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཁབ་སྨན་རྫས་ལྟ་འདོམས་ཅུས་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། བོད་ཀྱིས་བོད་སྐྱོར་གྱི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ་འབྲེལ་མཐུད་ལ་རང་འགུལ་ངང་ཤུགས་སྣོན་རྒྱག་པ་དང་། ལྟ་འདོམས་ཀྱི་ཞན་ཆ་སེལ་བ། སྨན་རྫས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བཅས་བྱས་ནས། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡིན། ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)ཁག་གིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱས་ནས་བོད་ཀྱི་སྨན་རྫས་ལྟ་འདོམས་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།