ཞབས་ཞུའི་ཚོང་དོན་ཚོང་འདུས་ཐོག་ཐོན་རྫས་དང་ཇུས་གཞི་གསར་པ་ཁག་ཉིས་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་པ།

འདི་ནི་ལྟ་སྐོར་བས་འཕྲུལ་མིའི་ཀང་ཆིན་དཀྲོལ་སྟངས་ལ་ལྟ་བཞིན་པ།
ཉེ་ཆར། 2026ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཧྲའུ་ཀང་གླིང་དུ་གཉེར་ཞིང་། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་གྲུབ་འབྲས་གཅིག་སྡུད་ཐོག་ཚོང་འདུས་ལ་འགྲེམས་སྟོན་བྱས་ཏེ། ཕྱོགས་གང་ས་ཅི་ཐད་ནས་ཞབས་ཞུའི་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་གྱི་སྒུལ་ནུས་ཤུགས་ཆེན་མངོན་པར་བྱས་ཡོད་པ་རེད།
སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཐོག མི་ཐབས་རིག་ནུས་ཀྱིས་དམངས་འཚོའི་ཞབས་ཞུ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། འཚོ་བའི་ཞབས་ཞུ་དེ་བས་རིག་ནུས་དང་ནུས་ཆེ་ཡོང་བར་བྱས་ཡོད། མོས་འདེམས་ཀྱིས་AIདཔེ་དབྱིབས་ཆེན་པོའི་བཀོལ་སྤྱོད་གྲུབ་འབྲས་འགྲེམས་སྟོན་བྱས་ཤིང་། མངའ་འོག་གི“མོས་འདེབས་ཆུང་ངུའི”AIལས་རོགས་ཀྱིས་ཚོང་ཤག་གི་དགོས་མཁོར་གཞིགས་ཏེ་རིག་ནུས་ལྡན་པའི་སྒོ་ནས་ཞབས་ཞུའི་ཇུས་གཞི་མཁོ་འདོན་བྱེད་ཐུབ་པ་དང་། ས་གནས་དེ་གའི་འཚོ་བའི་ལྗོངས་རྣམ་ཁག་12ལ་ཁྱབ་སྟེ་རིམ་རྩིས་བརྒྱབ་ན་ཞབས་འདེགས་ཐེངས་དུང་ཕྱུར་7ལྷག་ཙམ་ཞུས་ཡོད། སློབ་གསོའི་འགྲེམས་ཁུལ་དུ། ཧྥེ་ཞང་སྐར་མའི་གོ་ལ་རྨང་གཞིའི་སློབ་གསོའི་དཔེ་དབྱིབས་ཆེན་མོར་རིག་ནུས་སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་ནང་དོན་གྲུབ་ཐུབ་པས། རོལ་རྩེད་ཅན་གྱི་སློབ་སྦྱོང་ཁོར་ཡུག་མགྱོགས་མྱུར་བསྐྲུན་ནས། རང་སོའི་ཁྱད་ཆོས་ལྡན་པའི་རིག་ལྡན་སློབ་གསོ་དོན་ཐོག་ཏུ་འཁྱོལ་བར་རམ་འདེགས་བྱས་ཡོད། དངོས་ཁམས་AIཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་མངོན་གསལ་དོད་ཅིང་། འོད་འཁོར་རིག་ནུས་ཀྱིས་མིའི་ལུས་པོའི་བཟོ་ལྟར་གཞིགས་ནས་འཕྲུལ་མིའི་རྒྱུན་མཐུད་སློབ་སྦྱོང་མ་ལག་བཏོད་དེ། འཕྲུལ་མི་ཤེས་ཚོར་སྣོལ་འདྲེས་ནས་ལག་ལེན་བཀོལ་སྤྱོད་བར་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་ནས། སྣེ་འདྲེན་ཚན་རྩལ་ཁེ་ལས་མང་པོར་ཞབས་འདེགས་ཞུས་ཡོད། ཟོག་འདྲེན་ཁྱབ་ཁོངས་སུ། ཧྥུ་ཡིའུ་ལྗིད་ཐེག་རླངས་འཁོར་AIརིག་ནུས་སྐྱེ་མཆེད“བཀོད་གཏོང་སྤྲ”ལ་མི་དང་འཕྲུལ་ཆས་ཀྱི་མཉམ་ལས་ལས་སྒྲུབ་མངོན་འགྱུར་ཐུབ་ནས། བཀོད་གཏོང་གི་དགོས་མཁོ་མགྱོགས་མྱུར་དབྱེ་ཞིབ་དང་། བརྒྱུད་རིམ་ཧྲིལ་པོའི་སྐྱེལ་འདྲེན་རྗེས་ཤུལ་རྗེས་འདེད། རྒྱུན་གཏན་དང་མི་འདྲ་བའི་གནས་ཚུལ་ལ་རང་འགུལ་ངང་ཉེན་བརྡ་གཏོང་བ་བཅས་བྱེད་ཐུབ་པས། ཟོག་འགྲུལ་བཀོད་གཏོང་གི་ནུས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་སུ་ཁྱོན་ཁེ་ལས་དང་སྒྲིག་གཞི་90ལྷག་ཙམ་ཞུགས་པ་དང་ཐོན་རྫས་དང་ཇུས་གཞི་གསར་པ་ཁག་200ལྷག་ཙམ་འགྲེམས་སྟོན་བྱས་ཡོད། ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ཇུས་གཞི་གསར་པ་བཅས་ཀྱིས་འཚོ་བ་དང་། སློབ་སྦྱོང་། ལས་ཀ་བཅས་དེ་བས་ཐོགས་པ་མེད་པར་གྱུར་བ་མ་ཟད། ཞབས་ཞུའི་ལས་རིགས་ཀྱང་དེ་བས་གྲངས་རིག་ཅན་དུ་གྱུར་ཡོད། “ཀྲུང་གོའི་ཞབས་ཞུའི”ཇུས་གཞི་དེ་བས་མང་བ་ཞབས་ཞུའི་ཚོང་དོན་ཚོང་འདུས་ནས་གོ་ལ་ཧྲིལ་པོའི་ཕྱོགས་སུ་བསྐྱོད་ནས། “གོ་ལ་ཧྲིལ་པོར་ཞབས་ཞུ་དང་གཉིས་ཕན་མཉམ་སྤྱོད”ཀྱི་འདུ་ཤེས་ལག་ལེན་བསྟར་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།