ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་གི་མེ་འཁོར་སྤ་སེ་འཚོང་འགོ་ཚུགས་པ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2026ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་གི་ལྕགས་ལམ་སྐྱེལ་འདྲེན་ཟླ་9ཚེས་23ཉིན་ནས་འགོ་འཛུགས་རྒྱུ་དང་ཟླ་10ཚེས་8ཉིན་མཇུག་འགྲིལ་ཏེ། དུས་ཡུན་ཉིན་16ཡིན་པ་དང་། ཟླ་10ཚེས་1ཉིན་ནི་འགྲུལ་པ་མང་ཤོས་ཀྱི་ཉིན་མོ་ཡིན་པ་རེད། ཟླ་9ཚེས་9ཉིན་ནས་བཟུང་ཟླ་9ཚེས་23ཉིན་གྱི་མེ་འཁོར་སྤ་སེ་འཚོང་འགོ་ཚུགས་པ་རེད།
ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་གི་སྐྱེལ་འདྲེན་བྱེད་རིང་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མང་བའི་འཁོར་སྐྱོད་འཆར་གཞི་ལག་བསྟར་བྱས་ནས་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་ཁྲི་1.3ཙམ་གཏོང་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།