དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་བཟོ་གྲྭའི་ཟོག་འདྲེན་གྲུ་གཟིངས་ཤིག་ལ་མེ་སྐྱོན་ལས་འཛོལ་ཐོན་པར་མཛུབ་སྟོན་གལ་ཆེན་གནང་བ།

    ​ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-12

    ● མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་དང་། སྔོན་འགོག་བྱ་ཐབས་དོན་འཁྱོལ་ཞིབ་ཚགས། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་མཐའ་གཅིག་ཏུ་མ་ཐོན་པ་སྔོན་འགོག་བྱེད་དགོས།

    ཟླ་9ཚེས་10ཉིན་གྱི་ཆུ་ཚོད་11དང་སྐར་མ་15ཙམ་ལ། ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་བཟོ་གྲྭ་ཚད་ཡོད་ཀུང་སིའི་ཕྱི་ཁོངས་ཟོག་འདྲེན་གྲུ་གཟིངས་ཤིག་གྲུ་ཁར་ཉམས་གསོ་བྱེད་རིང་མེ་ཤོར་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད་པ་རེད།

    ལས་འཛོལ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས། ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་བཟོ་གྲྭའི་ཟོག་འདྲེན་གྲུ་གཟིངས་ཤིག་ལ་མེ་སྐྱོན་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད་པས། འབྲེལ་ཆད་མི་སྣ་འཚོལ་སྐྱོབ་ལ་དམ་འཛིན་བྱས་ཏེ་རྗེས་འཇུག་སེམས་གསོ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་འབྲེལ། ལས་འཛོལ་ཐོན་རྐྱེན་གང་མགྱོཌ་རྩད་གཅོད་བྱས་ནས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསླབ་བྱ་ཟབ་མོ་བླངས་ཏེ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་དང་། སྔོན་འགོག་བྱ་ཐབས་དོན་འཁྱོལ་ཞིབ་ཚགས། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་མཐའ་གཅིག་ཏུ་མ་ཐོན་པ་སྔོན་འགོག་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས། ཉེན་གྱར་མི་སྣ་འཚོལ་སྐྱོབ་ལ་དམ་འཛིན་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས། རྗེས་འཇུག་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་ལས་འཛོལ་འདི་དཔེ་གཞིར་བཟུང་ནས་ས་གནས་ཁག་དང་འཐབ་ཕྱོགས་ཁག་གི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་མ་ཐོན་པ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། འཕྲལ་སྡོམ་དོ་དམ་པུས་ལས་དོན་ཚོགས་ཆུང་ཡུལ་དངོས་སུ་མཛུབ་ཁྲིད་བྱེད་པར་མངགས་པ་རེད། ཧྲན་ཏུང་ཞིང་ཆེན་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་ཐག་གཅོད་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད་པ་དང་། མིག་སྔར་ལས་དོན་ཁག་སྤེལ་བཞིན་པའི་སྒང་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།