དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོས་བཟོས་པ་ཡི་རྒྱ་སྟོབས་ཆེར་གཏོང་དང་གསོན་ཤུགས་ཆེར་སྐྱེད་དབར་གྱི་རྩོད་སྒྲུབ་རིག་པར་གོ་བ་ལེགས་པར་ལེན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆིའུ་ཁྲའོ་དབྱི།   |     སྤེལ་དུས།  2026-09-11

    ཀྲུང་གོས་བཟོས་པ་ཡི་གོ་ལ་ཧྲིལ་པོའི་ཡིད་དབང་འགུག་ཤུགས་ཆེ་རུ་འགྲོ་བཞིན་ཡོད་དེ། ཚོང་དོན་པུའི་གྲངས་གཞིར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པ་བར་རྒྱལ་ཁོངས་ཕྱིའི་མི་སྣས་ཀྲུང་གོར་འཛད་སྤྱོད་བྱེད་ཚད་སྒོར་དུང་ཕྱུར་2636ཟིན་པ་དེ་དུས་མཚུངས་ལས་27.8%འཕར་བ་དང་། ཁོངས་གྲོལ་ཁྲལ་སློག་གི་འགྲོ་ལུགས་གཉེར་མཁན་རྒྱལ་ཁོངས་ཕྱིའི་ཡུལ་སྐོར་བའི་གྲངས་འབོར་དུས་མཚུངས་ལས་ལྡབ་3ཡན་འཕར་ཡོད།

    ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གི་གཞི་ཁྱོན་ལོ་16བསྟུད་མར་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་དོན་ཅི་ཡིན་ཞེ་ན། ང་ཚོས་ཀུན་གྱིས་དགའ་མོས་བྱེད་པའི་ཐོན་རྫས་རེ་རེ་བརྒྱུད་ནས་ཀྲུང་གོས་བཟོས་པ་ཡི་རྒྱ་སྟོབས་ཆེར་གཏོང་དང་གསོན་ཤུགས་ཆེར་སྐྱེད་དབར་གྱི་རྩོད་སྒྲུབ་རིག་པར་གོ་བ་ལེགས་པོ་ལེན་ཐུབ།

    “འཛམ་གླིང་གི་སྒོ་རྩིས་ཚོང་ཁང”དུ་གྲགས་པའི་དབྱི་ཝུའུ་དེ་ཉིད་མཐའ་མཚམས་རྒྱུད་དུ་མེད་ལ་རྒྱ་མཚོའི་ཁ་རུའང་མེད། འོན་ཀྱང་ས་གནས་དེ་གའི་མིས་ཚོང་ཟོག་ཆུང་ངུ་འཁྱེར་ནས་ཚོང་ཆེན་པོ་བརྒྱབ་ཡོད། མི་རིང་བའི་གོང“སྦར་མཐིལ་ཞྭ་མོ”ཞིག་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པོ་བྱུང་ཞིང་། སྔ་དྲོར་དྲ་གྲོགས་ཚོས་དྲ་ཐོག་ཏུ་བརྒྱུད་བསྐུར་བྱེད་པ་དེ། ཕྱི་དྲོར་དབྱི་ཝུའུ་རུ་བཟོས་ནས་ཡོ་རོབ་དང་ཨ་རིའི་ཁྲོམ་རར་མགྱོགས་མྱུར་བཏོན་ཡོད། ལོ་འགོར“ངུ་གདོང་རྟ”ཞེས་པའི་རྩེད་ཆས་ཤིག་བསམ་ཡུལ་ལས་འདས་པར་ཀུན་གྱིས་དགའ་མོས་བྱེད་པ་དེ་ཆུ་ཚོད་48ནང་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་བཏང་བ་ནས། ལོ་དཀྱིལ་དུ་འཛམ་གླིང་བུམ་པའི་འགྲན་བསྡུར་འགོ་མ་བཙུགས་གོང་ནས་འབྲེལ་ཡོད་ཀྱི་ཐོན་རྫས་གྲ་སྒྲིག་བྱས་པའི་བར་དུ། དབྱི་ཝུའུ་ཡིས་གཞན་ལ་བསྒུགས་པའི་ལམ་རྙིང་དོར་ཞིང་། “དུས་ཁྱད་མེད་པར”དགོས་མཁོ་མྱུར་རྟོགས་དང“ཚད་བཀག་མེད་པར”ཐོན་སྐྱེད་སྦྲེལ་མཐུད་བྱེད་ལམ་དུ་བསྒྱུར་ནས་རང་འགུལ་ངང་འཛད་སྤྱོད་ཀྱི་སྣེ་མོར་ལངས་ཤིང་། གཞན་རྟེན་ནས་སྣེ་འདྲེན་དུ་གྱུར་ཏེ་ཚོང་ལས་གོ་སྐབས་མགྱོགས་མྱུར་དམ་འཛིན་ཐུབ་པར་བྱས་ཡོད།

    ལོ་འདི་དག་གི་རིང་ཀྲུང་གོས་བཟོས་པའི་ཐོན་རྫས་བྲིན་ཁ་རྒྱུག་པོ་བྱུང་བ་དང་ལག་རྩལ་གསར་པ་རིམ་འཇུག་མགྱོགས་མྱུར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་སྔ་སྣུར་དུ་བཀོད་སྒྲིག་གང་ལེགས་བྱས་ནས་དུས་འགྱུར་ལ་ཁ་གཏད་གཅོག་པའི་གདེང་ཚོད་ཆེ་རུ་འགྲོ་ཐབས་བྱས་པས་རེད།

    སྔོན་ཐོན་བཟོ་སྐྲུན་ལ་མཁོ་བའི་5Gདྲ་རྒྱ་དང་དེང་རབས་ཟོག་འགྲུལ་ཁྱབ་གདལ་གཏོང་བ་ནས་བྱང་ཚད་མཐོ་བའི་ལག་རྩལ་ཆེ་མོ་བ་དང་རྩལ་ནུས་ཆེ་བའི་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱེད་པ་དང་སྟོབས་ཆེར་གཏོང་བའི་བར་དུ། ཀྲུང་གོས་རྨང་གཞིའི་ཁྱབ་ཁོངས་མང་པོར་འབད་འབུངས་ཧུར་བརྩོན་བྱས་ཏེ། རིགས་སྣ་ཡོངས་དང་རིམ་པ་མང་བའི་ཐོན་ལས་གྲུབ་ཆ་བཏོད་ནས་གནོན་ཤུགས་འགོག་པའི་ནུས་པ་ཆེ་བ་དང་སྙོམས་སྒྲིག་བྱེད་ཐུབ་པའི་ཐོན་ལས་ཀྱི་སྙུགས་ཤེད་ཆགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།