དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྟོན་བསྡུའི་སྐབས་སུ་ཞིང་པར་རོགས་སྐྱོར་དང་བཅའ་ཁྲིམས་ཁྱབ་གདལ་ལས་ལ་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-11

    ཟླ་9ཚེས་8ཉིན། ཤིན་ཅང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཨ་ལེ་ཐའེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཐུར་ཧུང་མཐའ་མཚམས་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས། སྟོན་དུས་གཟན་རྩྭ་གཅིག་སྡུད་ཐོག་བསྡུ་རོགས་བྱས་པ་དང་། སེམས་ནུས་ཡོད་རྒུས་དཀའ་ངལ་ཡོད་པའི་མང་ཚོགས་ལ་བྱ་བ་དངོས་སྒྲུབ་རོགས་བྱས་པ་རེད། གཟན་རྩྭ་བསྡུ་རོགས་བྱེད་པ་དང་དུས་མཚུངས། ཧྥུའུ་ཡུན་རྫོང་ཐུར་ཧུང་ཤང་ཁྲིམས་འཛིན་སུའོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་མཉམ་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། མེ་ཟོན། བསླུ་འགོག་བཅས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས། བདེ་འཇགས་འགོག་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།