དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-11

    གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། 2026ལོའི་ཟླ་9པར་རྒྱལ་ཡོངས་སུ་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོས“ཉེ་འགྲམ་དུ་སྲིད་ཇུས་དྲིལ་བསྒྲགས་དང་ལས་ཞུགས་ལས་དྲོ་སྐྱིད་སྦྱིན་པ”བརྗོད་དོན་གཙོ་བོར་བྱས་ནས“སྲིད་ཇུས་མི་ཐོག་ཏུ་འཁྱོལ་བ་དང་སྒོ་རྩར་ཞབས་འདེགས་ཞུ་བའི”སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ཁེ་ལས་དང་དམངས་ལ་ཕན་འདོགས་པའི་ལས་ཞུགས་སྲིད་ཇུས་དང་། ཞབས་ཞུའི་བྱ་ཐབས། ཐབས་ལམ་བཅས་དྲིལ་བསྒྲགས་ཡག་པོ་བྱས་ཏེ། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། ཞབས་ཞུ་གནས་སར་འབྱོར་བ། ཁ་གསབ་དམིགས་སར་འབྱོར་བ་བཅས་བྱས་ནས། ངལ་རྩོལ་པ་དང་མི་སྤྱོད་ཚན་པའི་ཐོབ་སྣང་དངོས་འབྲེལ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    བྱེད་སྒོའི་ཐོག་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ཟླ་བ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གནད་དོན་ཐག་གཅོད་བྱེད་པའི་བྱ་སྤྱོད་དངོས་སུ་འགྱུར་བར་བྱས་ནས། སྲིད་ཇུས་ཀྱིས་ལས་ཞུགས་བརྟན་པོ་ཡོང་བ་དང་ལས་ཞུཌ་ལ་སྐུལ་འདེད་གཏོང་བའི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།