དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཧོ་པེ་དང་། ཀྲེ་ཅང་། ཧྥུའུ་ཅན་བཅས་སུ་གློག་རྡུལ་རྒྱ་མར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-11

    “རྒྱ་སྲང་ཆད་པ”དང“གཡོ་ལས་རྒྱ་མ་སྤྱོད་པའི”ཟང་ཟིང་གི་རྣམ་པར་རྡུང་རྡེག་ཚ་ནན་བཏང་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཆེད། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཧོ་པེ་དང་། ཀྲེ་ཅང་། ཧྥུའུ་ཅན་བཅས་ཞིང་ཆེན་གསུམ་དུ་གློག་རྡུལ་རྒྱ་མར་ལྟ་འདོམས་བྱེད་པའི་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་ནས། ལད་མོ་དང་ཁྱབ་གདལ་གཏོང་ཆོག་པའི་ལྟ་འདོམས་བྱེད་སྟངས་འཚོལ་ཞིབ་ལ་བརྟེན་ནས། འཛད་སྤྱོད་དྲང་གཞག་གི་མཐའ་ཚད་བརྟན་པོ་བསྲུངས་པ་རེད།

    འཛད་སྤྱོད་པས་གློག་རྡུལ་རྒྱ་མའི་ཐོབ་ཐང་ཆ་འཕྲིན་ཨང་རྟགས་གཅིག་པུ་དེ་བཤེར་ཚེ། ལས་སྟེགས་ཐོག་གློག་རྡུལ་རྒྱ་མའི་ཐོན་སྐྱེད་ཆ་འཕྲིན་དང་། བཟོ་བཅོས་ཟིན་ཐོ། ཞིབ་བཤེར་འབྲས་བུ་སོགས“ཐོབ་ཐང་ཡིག་ཚགས”ཆ་ཚང་འཚོལ་བཤེར་བྱེད་ཐུབ་པ་མ་ཟད། དྲ་ཐོག་ནས་འབྲེལ་ཡོད་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ“ཚད་གཞི་མ་ལོན་པ་དང་། གཡོ་ལས་བྱེད་པ། ཡུན་རིང་ཞིབ་བཤེར་མ་བྱས་པ”སོགས་ཀྱི་འབྲེལ་ཡོད་གནད་དོན་གོང་ཞུའང་བྱེད་ཆོག་པ་རེད།

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས“ཚོད་ལྟ་སྔོན་ལ་བྱེད་པ་དང་། ཕྱོགས་སྡོམ་ཁྱབ་གདལ་གཏོང་བ། རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། སྲིད་གཞུང་གིས་ཁྲིད་སྟོན་དང་ཁྲོམ་རས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གློག་རྡུལ་རྒྱ་མའི་རིག་ལྡན་ལྟ་འདོམས་མ་ལག་ནུས་ལྡན་ངང་བསྐྲུན་ནས། གློག་རྡུལ་རྒྱ་མར་ལྟ་འདོམས་དེ“གནས་ཚུལ་ཐོན་རྗེས་ཞིབ་བཤེར་ཐག་གཅོད་བྱེད་པ”ནས“གནས་ཚུལ་མ་ཐོན་གོང་སྔོན་འགོག་དང་གནས་ཚུལ་ཐོན་རིང་ལྟ་ཞིབ་ཚད་ལེན་བྱེད་པའི”བར་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།