ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་པེ་ཅིང་དུ་སློབ་སྦྱོང་ལ་སྐྱོད་གྲབས་ཡོད་པའི་ཐེ་ལན་སྲིད་གཞུང་གི་དཔོན་རིགས་ལ་ཕེབས་སྐྱེལ་ཞུས་པ།
ཉེ་ཆར། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སྣེ་ལེན་ཚོགས་འདུ་འཚོགས་ནས། པེ་ཅིང་རྒྱ་ཡིག་སློབ་གླིང་དུ་རྒྱ་ཡིག་སྦྱོང་བར་སྐྱོད་མཁན་ཐེ་ལན་སྲིད་གཞུང་གི་དཔོན་རིགས་ལ་དགའ་སྐྱེལ་ཞུས་པ་རེད། ཐེ་ལན་སྲིད་གཞུང་དཔོན་རིགས་ཀྱི་རྒྱ་ཡིག་སློབ་སྦྱོང་འཛིན་གྲྭའི་རྣམ་གྲངས་ལ་ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཐུན་མོང་ཐོག་སྐུལ་འདེད་དང་འཕེལ་རྒྱས་བཏང་བ་དང་། རྣམ་གྲངས་དེ་2005ལོར་ལག་ལེན་བསྟར་འགོ་ཚུགས་ཚུན། ཐེ་ལན་གྱི་གཞུང་ལས་པ་1000ལྷག་ཙམ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།