དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་པིན་དམག་རྒྱལ་རིང་ལུགས་ལས་རྣམ་པར་རྒྱལ་བའི་དྲན་གསོའི་རྡོ་རིང་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་དུ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-11

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕུའུ་ལ་ཏི་ཨའོ་སི་ཐུའོ་ཁེ་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་ཧ་པ་ལུའོ་ཧྥུའུ་སི་ཁེ་མཐའ་མཚམས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཧ་པ་ལུའོ་ཧྥུའུ་སི་ཁེ་གྲོང་ཁྱེར་གྱིས་རི་པིན་དམག་རྒྱལ་རིང་ལུགས་ལས་རྣམ་པར་རྒྱལ་བར་དྲན་གསོ་ཞུ་བའི་དྲན་གསོའི་རྡོ་རིང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་འཚོགས་ཤིང་། ཧ་པ་ལུའོ་ཧྥུའུ་སི་ཁེ་མཐའ་མཚམས་ཁུལ་གྱི་སྲིད་འཛིན་དཔོན་ཅེ་མེ་ཧྲེན་མཛད་སྒོར་ཞུགས་ཡོད་པ་རེད།

    ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དྲན་གསོའི་རྡོ་རིང་དེ་ནི་ཨུ་རུ་སུའི་མིག་སྔའི་རི་པིན་དམག་རྒྱལ་རིང་ལུགས་ལས་རྣམ་པར་རྒྱལ་བར་དྲན་གསོ་ཞུ་བའི་དྲན་གསོའི་རྡོ་རིང་ཆེ་ཤོས་དེ་ཡིན་པ་དང་། ཨུ་རུ་སུའི་དམག་དོན་ལོ་རྒྱུས་རིག་གཞུང་ལྷན་ཚོགས་དང་ཧ་པ་ལུའོ་ཧྥུའུ་སི་ཁེ་མཐའ་མཚམས་ཁུལ་སྲིད་གཞུང་གིས་མཉམ་དུ་བསྐྲུན་པ་ཞིག་རེད། དྲན་གསོའི་རྡོ་རིང་གི་དཀྱིལ་དུ་མཐོ་ཚད་ལ་སྨི་15ཡོད་པའི་སུའུ་ལེན་གྱི་དམག་མིའི་བརྐོས་བརྙན་ཞིག་ཡོད་པ་དེས་རི་པིན་ཀོན་ཏུང་དམག་གི་གཙོ་ཤུགས་དམག་ཕམ་ཉེས་སུ་བཏང་བའི་སུའུ་ལེན་གྱི་དམར་དམག་མཚོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།