ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཁྲིམས་སྒྱུར་ནུས་པ་དང་ཉེན་དོན་མཉམ་ལས་ཀྱི་པུའུ་རིམ་པའི་དབར་སྐད་ཆ་ཤོད་རེས་ཐེངས་ལྔ་པ་བྱས་པ།
ཚེས་8ཉིན། པེ་ཅིང་དུ་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཁྲིམས་སྒྱུར་ནུས་པ་དང་ཉེན་དོན་མཉམ་ལས་ཀྱི་པུའུ་རིམ་པའི་དབར་སྐད་ཆ་ཤོད་རེས་ཐེངས་ལྔ་པ་བྱས་པ་དང་། རྒྱལ་དོན་ཨུ་ཡོན་དང་སྤྱི་བདེ་པུའི་པུའུ་ཀྲང་ཝང་ཞའོ་ཧུང་དང་ཝ་ནུ་ཨ་ཐུའི་ནང་སྲིད་པུའི་པུའུ་ཀྲང་ནཱ་ཕོ་ཐེ་ཡིས་ཐུན་མོང་གི་ཀྲུའུ་ཞིའི་འགན་བཞེས་པ་རེད།
ཝང་ཞའོ་ཧུང་གིས་བཞེད་དོན་གཙོ་བོའི་གསུང་བཤད་གནང་སྐབས། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཁྲིམས་སྒྱུར་ནུས་པ་དང་ཉེན་དོན་མཉམ་ལས་ཀྱི་པུའུ་རིམ་པའི་དབར་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་བཙུགས་ནས་ལོ་4སོང་རིང་། ཕྱོགས་གཉིས་པོའི་ཡིད་ཆེས་བྱེད་རེས་ཀྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དང་། གསོ་སྦྱོང་སྤེལ་རེས་གཏིང་ཟབ་དང་ཏན་ཏིག ཁྲིམས་བསྟར་མཉམ་ལས་དངོས་སྒྲུབ་ནུས་ལྡན། ཉེན་རྟོག་པ་དང་མི་དམངས་ཀྱི་སེམས་པ་གཅིག་མཐུན་བཅས་བྱུང་ནས་ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་བཞིན་ཡོད་ཅེས་གསུངས་པ་རེད།
ཝང་ཞའོ་ཧུང་གིས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་བསྟར་ཧུར་ཐག་བྱེད་པ། པུའུ་རིམ་པའི་དབར་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་བབ་ལ་གཞིགས་ནས་སྲིད་ཇུས་ལག་ལེན་བསྟར་བ་དང་། གསོ་སྦྱོང་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་མཐའ་འཁྱོངས་དང་། དགོས་མཁོའི་ཕྱོགས་སྟོན་དང་མཉམ་ལས་ཀྱི་སྤུས་འབྲས་ཆེར་གཏོང་མཐའ་འཁྱོངས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཉེན་རྟོག་པའི་མཛའ་སེམས་ཀྱི་སྦྲེལ་ཐག་བརྟན་དུ་གཏོང་བ་མཐའ་འཁྱོངས། སྒོ་དབྱེ་བསྟུན་མཁས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་མཐའ་འཁྱོངས་བཅས་བྱས་ཏེ། དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་འབད་བརྩོན་གྱིས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།