ཀྲུང་གོ་དང་མོང་གོལ་གྱི་གསར་འགྱུར་གླེང་སྟེགས་སྐབས་བཅུ་དྲུག་པ་ཧུའུ་ཧོ་ཧའོ་ཐེར་གཉེར་བ།
ཚེས་8ཉིན། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་དང་མོང་གོལ་རྒྱལ་ཁབ་གསར་འགོད་པའི་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གཉེར་འགན་འཁུར་བའི་ཀྲུང་གོ་དང་མོང་གོལ་གྱི་གསར་འགྱུར་གླེང་སྟེགས་སྐབས་བཅུ་དྲུག་པ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་གཉེར་བ་རེད།
སྐབས་འདིའི་གླེང་སྟེགས་ཀྱིས“སྨྱན་སྦྱོར་གྱི་འགན་འཁྲི། རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཚུའེ་ཧྲི་ཤིན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་དང་མོང་གོལ་གྱི་གསར་འགྱུར་གླེང་སྟེགས་གཉེར་ཚུན། ལོ་བཅུ་ལྷག་ཙམ་འཕེལ་རྒྱས་ལས་ལ་གཞོལ་ནས་རྒྱལ་ཁབ་གཉིས་པོའི་གསར་འགྱུར་ལས་རིགས་དབར་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་ཀྱི་རྒྱུན་རྣམ་ཅན་གྱི་ལས་སྟེགས་གལ་ཆེན་ཞིག་བསྐྲུན་ཡོད། གསར་འགྱུར་ལས་དོན་པ་མི་རབས་ནས་མི་རབས་ཀྱིས་དེ་གར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ། རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱི་སེམས་ཀྱི་བར་ཐག་རྒྱུན་ཆད་མེད་པར་ཉེ་རུ་བཏང་བས། ཀྲུང་གོ་དང་མོང་གོལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་པོའི་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བའི་ཁྱད་ལྡན་སྤུས་རྟགས་སུ་གྱུར་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།