དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་འགག་སྒོར་ལུས་པའི་མི་སྣ་དང་ཚོང་ཟོག་ཁག་བགོས་དབོར་འདྲེན་བྱེད་མགྱོགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-11

    གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་9ཚེས་7ཉིན་བར། སྐྱིད་གྲོང་འགག་སྒོའི“8·26”ཆུ་རུད་གནོད་འཚེའི་ཁྲོད་ཀྱི་ལུས་པའི་མི་སྣ་དང་ཚོང་ཟོག་གི་ཁག་བགོས་དབོར་འདྲེན་ལ་འགག་རྩའི་འཕེལ་རིམ་བྱུང་ཞིང་། རིམ་རྩིས་བརྒྱབ་ན་ལེགས་རྩེ་འགག་སྒོར་ཚོང་ཟོག་སྣ་མང་དང་ལས་གྲྭའི་དངོས་ཟོག་རླངས་འཁོར་158(ནེ་པ་ལའི་འཁོར་སྒྲོམ་རྣམ་པའི་ཟོག་འཁོར)དང་། ཞིང་ཞོར་ཐོན་རྫས་རླངས་འཁོར་6 ནུས་གསར་རླངས་འཁོར་341 རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་འཁོར་སྒྲོམ་རྣམ་པའི་ཟོག་འཁོར་31བཅས་ཁག་བགོས་བྱས་པ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚང་མ་རྒྱལ་མཚམས་བསྒྲལ་ཞིང་སྐྱིད་གྲོང་དུ་ལུས་པའི་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་མཐའ་མཚམས་མི་སེར་མི་ཐེངས་576འགྲམ་འགག་སྒོ་བརྒྱུད་རྒྱལ་མཚམས་བསྒྲལ་བ་དང་། ལྷག་མ་རྣམས་ཉེ་ཆར་ཁག་བགོས་གཏོང་རྒྱུ་ཡིན་པ་རེད།

    གནོད་འཚེ་ཐོན་རྗེས། རང་སྐྱོང་ལྗོངས་ཚོང་དོན་ཐིང(འགག་སྒོ་གཞུང་དོན་ཁང)གི་འགན་འཁུར་བ་གཙོ་བོ་འཕྲལ་མ་ཉིད་དུ་སྐྱིད་གྲོང་འགག་སྒོར་འབྱོར་ཞིང་། འགག་སྒོ་དོ་དམ་ཨུ་ལྷན་གྱིས་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་བར་མཛུབ་ཁྲིད་བྱས་ཏེ། རྒྱལ་མཚམས་འཛུལ་སྒྲོལ་མི་སྣ་དང་ཚོང་ཟོག་བསྡོམས་རྩིས་བརྒྱབ་ནས་བཀོད་སྒྲིག་དང་ཕྱོགས་བགོས་བརྒྱུད་འདྲེན་ལས་དོན་སྤེལ་བ་རེད། རྒྱལ་ཁབ་འགག་སྒོ་གཞུང་དོན་ཁང་གི་མཛུབ་ཁྲིད་འོག རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཕྱི་དོན་དང་། འགག་སྒོ མཐའ་མཚམས་ཞིབ་བཤེར། གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས(འགག་སྒོ་གཞུང་དོན་ཁང) ལེགས་རྩེ་འགག་སྒོ་དང་གཉའ་ནང་འགག་སྒོ་དོ་དམ་ཨུ་ལྷན་སོགས་དང་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས། མི་སྣ་དང་ཚོང་ཟོག་གི་ཕྱོགས་བགོས་བརྒྱུད་འདྲེན་ཇུས་གཞི་བཟོས་པ་དང་རྒྱལ་མཚམས་འཛུལ་སྒྲོལ་གྱི་ཉིན་རེའི་འགུལ་རྣམ་བཀོད་གཏོང་ལམ་སྲོལ་བཙུགས་ནས། སོར་ལུས་མི་སྣ་དང་ཚོང་ཟོག་བདེ་འཇགས་དང་གོ་རིམ་ལྡན་ལ་བདེ་བླག་དང་མགྱོགས་མྱུར་ངང་རྒྱལ་མཚམས་སྒྲོལ་བའི་འགན་སྲུང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།