སྐྱིད་གྲོང་འགག་སྒོར་ལུས་པའི་མི་སྣ་དང་དངོས་ཟོག་ཁག་བགོས་བརྒྱུད་འདྲེན་ལས་དོན་ལ་འགག་རྩའི་འཕེལ་རིམ་བྱུང་བ།
གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་9ཚེས་7ཉིན་བར། སྐྱིད་གྲོང་འགག་སྒོའི“8·26”ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་སོར་ལུས་མི་སྣ་དང་དངོས་ཟོག་ཁག་བགོས་བརྒྱུད་འདྲེན་ལས་དོན་ལ་འགག་རྩའི་འཕེལ་རིམ་བྱུང་བ་སྟེ། རིམ་རྩིས་བརྒྱབ་ན་ལེགས་རྩེ་འགག་སྒོར་བརྒྱ་ཟོག་དང་ཨར་སྐྲུན་གྱི་དངོས་ཟོག་རླངས་འཁོར་158(ནེ་པ་ལའི་རླངས་འཁོར་གྱི་གཤོང་ཚད་གཞིར་བཟུང)དང་། ཞིང་ཞོར་ཐོན་རྫས་རླངས་འཁོར་6 ནུས་གསར་རླངས་འཁོར་341 ནེ་པ་ལའི་ཟོག་འདྲེན་རླངས་འཁོར་31བཅས་དབོར་ཡོད་པ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་དང་གཞོགས་འདེགས་མི་སྣ་ཚང་མ་རྒྱལ་མཚམས་ནས་བསྒྲལ་བ་དང་སྐྱིད་གྲོང་དུ་ལུས་པའི་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་མཐའ་མཚམས་ཡུལ་མི་མི་ཐེངས་576འགྲམ་འགག་སྒོ་ནས་བསྒྲལ་བ་དང་དེ་བྱིངས་ཀྱི་ཡུལ་མི་རྣམས་ཉེ་ཆར་ཁག་བགོས་ཏེ་རྒྱལ་མཚམས་ནས་སྒྲོལ་རྒྱུ་རེད།
གནོད་འཚེ་ཐོན་རྗེས། རང་སྐྱོང་ལྗོངས་ཚོང་དོན་ཐིང(འགག་སྒོ་གཞུང་ལས་ཁང)གི་འགན་འཁུར་བློ་མཐུན་གཙོ་བོ་འཕྲལ་མ་ཉིད་དུ་སྐྱིད་གྲོང་འགག་སྒོར་བསྐྱོད་དེ་འགག་སྒོ་དོ་དམ་ཨུ་ལྷན་གྱིས་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་རྒྱུར་མཛུབ་ཁྲིད་བྱས་པ་དང་། རྒྱལ་མཚམས་འཛུལ་གྲོལ་བྱེད་མཁན་དང་དངོས་ཟོག་བསྡོམས་རྩིས་བརྒྱབ་ནས་བཀོད་སྒྲིག་དང་། ཁག་བགོས། བརྒྱུད་འདྲེན་བཅས་བྱས་ཡོད། རྒྱལ་ཁབ་འགག་སྒོ་གཞུང་དོན་ཁང་གི་མཛུབ་ཁྲིད་འོག རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཕྱི་དོན་དང་། འགག་སྒོ མཐའ་མཚམས་ཞིབ་བཤེར། གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས(འགག་སྒོ་གཞུང་ལས་ཁང)བཅས་དང་དེ་བཞིན་ལེགས་རྩེ་དང་། གཉའ་ནང་། སྐྱིད་གྲོང་བཅས་ཀྱི་འགག་སྒོའི་དོ་དམ་ཨུ་ལྷན་དང་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་ལས་ཀའི་ཆེད་དོན་ཚན་ཁག་བཙུགས་པ་མ་ཟད། མི་སྣ་དང་དངོས་ཟོག་ཁག་བགོས་འཁོར་རྒྱུག་གི་ཇུས་གཞི་བཟོས་པ་དང་རྒྱལ་མཚམས་འཛུལ་གྲོལ་གྱི་འགུལ་རྣམ་ཉིན་མོའི་བཀོད་གཏོང་ལམ་སྲོལ་བཙུགས་ནས། སོར་ལུས་མི་སྣ་དང་དངོས་ཟོག་བདེ་འཇགས་དང་གོ་རིམ་ལྡན་པ་དང་། བདེ་བླག་དང་མགྱོགས་མྱུར་གྱི་སྒོ་ནས་རྒྱལ་མཚམས་ནས་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།