ལོ་མཇུག་ལ་ཟམ་ཆེན་འདི་ནུས་ཤུགས་ཡོད་རྒུས་བསྐྲུན་ཚར་བ་བྱ་རྒྱུ་རེད།
ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་མ་འཇོག་གིས་ཚབ་སྐྲུན་བྱས་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཟ་ར་ལམ་གྱི་གཙང་བརྒལ་ཟམ་ཆེན (གཤམ་དུ“ཟ་ར་ཟམ་ཆེན”ཞེས་བསྡུ་རྒྱུ)གྱི་རྣམ་གྲངས་འཛུགས་སྐྲུན་སྔར་བས་མགྱོགས་སུ་བཏང་བས། ལམ་དུམ་8ཀྱི་ཨར་ལས་ལས་འགན་བསྟུད་མར་ལེགས་འགྲུབ་བྱུང་བ་དང་། ཟམ་ཆེན་གཡས་ངོས་ཀྱི་ཟམ་པའི་གྲུབ་ཆ་གཙོ་བོ་ཚང་མ་སྦྲེལ་མཐུད་ཐུབ་ཉེར་ཡོད་པ་རེད།

འདི་ནི་སྐྲུན་བཞིན་པའི་ཟ་ར་ཟམ་ཆེན་ཡིན་པ།
ཟ་ར་ཟམ་ཆེན་ནི་ལྷོ་ཁ་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅུ་བཞིའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་། ཁྱོན་རིང་ཚད་སྨི་1388ཡོད་ལ། ཟམ་ཆེན་འདི་ནི་ཡར་ཀླུང་གཙང་པོའི་སྟེང་ལ་སྐྲུན་པའི་ཟམ་ཆེན་ཞིག་ཡིན། ཟམ་ཆེན་བསྐྲུན་རྗེས་ཡར་ཀླུང་གཙང་པོའི་ངོགས་གཉིས་སྦྲེལ་མཐུད་ཐུབ་པའི་འགྲིམ་འགྲུལ་ཟམ་ཆེན་གལ་ཆེན་ཞིག་ཏུ་གྱུར་ནས། ལྷོ་ཁ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།

འདི་ནི་ཟ་ར་ཟམ་ཆེན་གྱི་ལམ་ངོས་སྙོམ་བཞིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ཨར་ལས་ཀྱི་ཞིབ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ལས་གྲྭའི་སྤུས་ཚད་བཅས་ལ་འགན་ལེན་བྱ་ཆེད། རིག་ནུས་སྒྲ་འདས་ཁོད་སྙོམས་འཕྲུལ་ཆས་སྤྱད་ནས། ནུས་ཤུགས་ཡོད་རྒུས་ད་ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པའི་དམིགས་ཚད་ལེགས་འགྲུབ་ཡོང་བར་འབད་འབུངས་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།