དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝི་ཨེན་ནའི“གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོགས་པོའི་ཚོགས་ཆུང”གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བསྐྱར་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-10

    ཝི་ཨེན་ན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་གནང་ནས་ལོ་གཅིག་འཁོར་བའི་མཚམས་སུ་ཝི་ཨེན་ནའི“གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོགས་པོའི་ཚོགས་ཆུང”གིས་ཚེས་7ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དང་། ཁོངས་མིའི་རྒྱལ་ཁབ་ཁག་གིས་གྲོས་འགོར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ལུགས་བསྐྱར་བསྒྲགས་བྱས་པ་མ་ཟད། གྲོས་འགོར་ཐོབ་པའི་འཕེལ་རིམ་གལ་ཆེན་ལ་ཚད་མཐོའི་བསྔགས་བརྗོད་ཀྱང་བྱས་པ་དང་། ཝི་ཨེན་ནའི་ཕྱོགས་མང་ལས་སྟེགས་ཐོག་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གཏོད་པར་སྐུལ་འདེད་གཏོང་བའི་སྐོར་མང་པོ་བརྗོད་ཡོད་པ་རེད།

    གསལ་བསྒྲགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་ལྟེ་བའི་འདུ་ཤེས་ཆེན་པོ་ལྔ་དོན་འཁྱོལ་ལ་དམིགས་ནས། ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་སྲུང་སྐྱོང་བྱེད་པ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱེད་པ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།