ཝན་ཐེན་དུ་ཀྲུང་ལོ་ཡི“ཞི་བདེའི་མེ་འཁོར—2026ལོའི”མཉམ་འབྲེལ་ནང་སྦྱོང་བྱས་པ།
ཚེས་7ཉིན་གྱི་སྔ་དྲོར། ལོ་སིའི་རྒྱལ་ས་ཝན་ཐེན་དུ་ཀྲུང་ལོ་ཡི“ཞི་བདེའི་མེ་འཁོར—2026ལོའི”མི་ཆོས་རིང་ལུགས་ཀྱི་གསོ་རིག་རོགས་སྐྱོབ་མཉམ་འབྲེལ་ནང་སྦྱོང་བྱེད་འགོ་ཚུགས་པ་རེད། ལོ་སིའི་རྒྱལ་སྲུང་པུའུ་དང་། ལོ་སིའི་མི་དམངས་དམག་དཔུང་གི་སྤྱི་ཁྱབ་ཆབ་སྲིད་པུའུ། སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ། སྤྱི་ཁྱབ་ལག་རྩལ་པུའུ། དེ་བཞིན་སྤྱི་བདེ་པུའུ་བཅས་ཀྱི་འགོ་ཁྲིད་དང་། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རྒྱལ་སྲུང་དྲག་དཔོན། ཀྲུང་གོ་ཕྱོགས་ཀྱི་མཛུབ་ཁྲིད་མཐུན་སྦྱོར་ཚོགས་ཆུང་གི་ཁོངས་མི། དེ་བཞིན་ཀྲུང་ལོའི་དམག་དཔུང་གཉིས་ཀྱི་ནང་སྦྱོང་ནང་ཞུགས་པའི་དཔོན་དམག་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
མཉམ་འབྲེལ་ནང་སྦྱོང་གི་ཀྲུང་གོ་ཕྱོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཧོ་ཀྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་བྱེད་སྒོ་དེ་ཟླ་9པའི་ཟླ་སྨད་བར་རྒྱུན་མཐུད་སྤེལ་རྒྱུ་ཡིན་པ་དང་ཕྱོགས་གཉིས་ཀྱིས་དམག་མི་700ལྷག་ཙམ་བཏང་ཡོད། ད་རེས་ཀྱི་མཉམ་འབྲེལ་ནང་སྦྱོང་ཐོག་མཚོ་ལྷགས་ཤིན་ཏུ་དྲག་པོའི་གནོད་འཚེའི་འོག་གི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་གསོ་རིག་རོགས་སྐྱོབ་རྒྱབ་ལྗོངས་སུ་བྱས་ཏེ། རིམ་གསུམ་བཀོད་འདོམས་དང་རིམ་བཞིའི་རོགས་སྐྱོབ་མ་ལག་བཙུགས་ནས་འཕྲོད་བསྟེན་མེ་འཁོར་དང་། བྱེས་འཐབ་སྐྱོབ་བཅོས་སྒྲིག་ཆས། མི་མེད་རིག་ནུས་སྒྲིག་ཆས་སོགས་སྤྱད་དེ་ཚོགས་ཆུང་བགོས་ནས་མཉམ་བསྲེས་སྦྱོང་བརྡར་དང་། བརྒྱུད་རིམ་ཧྲིལ་པོའི་མཉམ་བསྲེས་ནང་སྦྱོང་། དམག་མི་དངོས་ཞུགས་ནང་སྦྱོང་བཅས་སྒྲིག་འཛུགས་དང་རྒྱལ་སྒྲོལ་མཉམ་འབྲེལ་གྱི་གསོ་རིག་རོགས་སྐྱོབ་བྱེད་སྟངས་འཚོལ་ཞིབ་བཅས་བྱས་ནས། དམག་དཔུང་གཉིས་ཀྱི་འཕྲོད་བསྟེན་མཐུན་སྦྱོར་བྱ་སྤྱོད་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་སྦྱོང་བརྡར་དང་ཆེ་རུ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།