དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་17.6%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-10

    འདི་ནི་ཟླ་9ཚེས་8ཉིན་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲུ་ཁའི་ཐའེ་ཚང་གྲུ་ཁར་རྒྱལ་ཐོན་འཁོར་རིགས་ཁག་གཅིག་ཕྱི་རྒྱལ་དུ་གཏོང་གྲབས་ཡོད་པ། ཟླ་9ཚེས་8ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་34.78ཟིན་པ་དེ་དུས་མཚུངས་ལས་འཕར་ཚད་མུ་མཐུད་17.6%བར་འཕར་ནས་ཟླ་དང་པོ་ནས་བདུན་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་0.3མགྱོགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།