སྡེ་ཚན་དྲུག་གིས་མཉམ་འབྲེལ་ཐོག་ལག་བསྟར་ཇུས་གཞི་བཀྲམ་ནས།
གྲོང་གསེབ་དར་རྒྱས་ལ་མ་དངུལ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།
གྲོང་གསེབ་དར་རྒྱས་ལ་མ་དངུལ་གཏོང་བའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ཀྱི་ཕན་ནུས་མུ་མཐུད་ཆེ་རུ་གཏོང་ཆེད། ཞིང་ལས་གྲོང་གསེབ་པུའུ་དང་། ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་ཀྱིས་ཉེ་ཆར《ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་དར་རྒྱས་ལ་མ་དངུལ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི》མཉམ་འབྲེལ་ཐོག་བཀྲམ་པ་རེད།
ལག་བསྟར་ཇུས་གཞིའི་ནང་ཁ་གསལ་བཏོན་པར། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ནོར་སྲིད་སྔོན་ལ་འགན་ལེན་བྱེད་པ་དང་། དངུལ་རྩས་གཙོ་གནད་ཐོག་གཟིགས་སྐྱོང་བྱེད་པ། སྤྱི་ཚོགས་ཧུར་ཐག་ཞུགས་པའི་སྣ་མང་མ་འཇོག་གི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ལ་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “ཞིང་གསུམ”ཁྱབ་ཁོངས་ཀྱི་མ་འཇོག་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། 2030ལོར་སླེབས་སྐབས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་པ་དང་གྲུབ་ཆ་ལུགས་མཐུན། བྱེད་སྟངས་ཚན་རིག་དང་མཐུན་པ། སྤུས་ཚད་དང་ཕན་འབྲས་གལ་ཆེ་མཉམ་དུ་འཛིན་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་མ་འཇོག་ལམ་སྲོལ་གཞི་རྩའི་ཆ་ནས་བཙུགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཆད་སྐྱོན་ཞན་ཆ་མགྱོགས་མྱུར་སེལ་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
སྣ་མང་མ་འཇོག་གི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས་ལག་བསྟར་ཇུས་གཞི་དེས་སྲིད་གཞུང་གི་མ་དངུལ་སྔོན་ལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུན་ལོར་མ་དངུལ་གྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ། ཡིད་རྟོན་དངུལ་བུན་མ་དངུལ་གྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ཕན་ནུས་ཆེ་རུ་གཏོང་བ། འགན་བཅོལ་གྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་བྱེད་ཐབས་ཡག་པོ་སྤྱོད་པ། དམངས་ཁྲོད་མ་འཇོག་གི་གསོན་ཤུགས་འཕེལ་བར་བྱེད་པ། གྲོང་གསེབ་ཀྱི་ཐོན་ཁུངས་རྒྱུ་ནོར་གང་འགབ་ཅི་སྤྱོད་ཡག་པོ་བྱེད་པ་སོགས་ཀྱི་ཐད་ཞིབ་ཕྲའི་བཀོད་སྒྲིག་བྱས་པ་དང་ཞིང་ལས་དང་གྲོང་གསེབ་ཀྱི་མ་འཇོག་ཐབས་ལམ་རྒྱ་ཆེར་བཏང་བ་བརྒྱུད་མ་འཇོག་བྱེད་རྒྱ་བརྟན་པོའི་ངང་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ལག་བསྟར་ཇུས་གཞིའི་ནང་བླང་བྱ་བཏོན་པར། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་སྲིད་གཞུང་གི་མ་འཇོག་དང་། དངུལ་རྩའི་རྒྱབ་སྐྱོར། དམངས་ཁྲོད་ཀྱི་མ་འཇོག་བཅས་ལ་མཉམ་དུ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་ལས་ཀྱི་སྲིད་ཇུས་དང་། མ་འཇོག་གི་སྲིད་ཇུས། ཚོང་དོན་གྱི་སྲིད་ཇུས་བཅས་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་གཏོང་བ། རིན་གོང་དང་། ཁ་གསབ། འགན་བཅོལ་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་སོགས་ལ་དམིགས་ནས་མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་བའི་བྱ་ཐབས་ནུས་ལྡན་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།