ཀྲུང་གོའི་འབྲུ་རིགས་ཉོ་ཚོང་ཚོགས་ཆེན་སྐབས་བརྒྱད་པས་འབྲུ་རིགས་འཁོར་རྒྱུག་གལ་ཆེར་འཛིན་པ།
ཚོང་འགྲིག་དང་དེ་བཞིན་འདོད་མཐུན་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་878ལྷག་ཙམ་ཟིན་པ།
ཚེས་7ཉིན། ཀྲུང་གོའི་འབྲུ་རིགས་ཉོ་ཚོང་ཚོགས་ཆེན་སྐབས་བརྒྱད་པ་ཧུའུ་ནན་ཁྲང་ཧྲ་རུ་མཇུག་འགྲིལ་བ་དང་། ཚོགས་ཆེན་གྱི་ས་གནས་ས་ཐོག་ཏུ་ཞིང་ཆེན་དབར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ཁག་18དང་། སྲིད་གཞུང་དང་ཁེ་ལས་དབར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ཁག་6 ཁེ་ལས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ཁག་12 འཛད་སྤྱོད་རོགས་སྐྱོར་གྲོས་མཐུན་ཁག་6 སློབ་གྲྭའི་ཤེས་ལྡན་པའི་མཉམ་ལས་གྲོས་མཐུན་ཁག་7བཅས་བཞག་པ་རེད། ས་གནས་ས་ཐོག་ཏུ་སྒྲིག་འཛུགས་དང་དེ་བཞིན་རྒྱལ་ཁབ་འབྲུ་རིགས་ཉོ་ཚོང་ལས་སྟེགས་ཀྱི་དྲ་ཐོག་ཆེད་དོན་ཉོ་ཚོང་སོགས་ཀྱི་བྱ་ཐབས་བརྒྱུད། ཁྱོན་འབྲུ་སྣུམ་སྣ་ཚོགས་ཏུན་ཁྲི་2920དང་འབྲུ་སྣུམ་འཕྲུལ་ཆས་སྣ་ཚོགས་2111སྟེ། དངུལ་འབོར་སྒོར་དུང་ཕྱུར་878.71ཟིན་པའི་ཚོང་འགྲིག་པ་དང་དེ་བཞིན་འདོད་མཐུན་གན་རྒྱ་བཞག་པ་རེད།
སྐབས་འདིའི་ཚོགས་ཆེན་ཐོག་འབྲུ་རིགས་འཁོར་རྒྱུག་གལ་ཆེར་བཟུང་སྟེ་འབྲུ་རིགས་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོར་གཞིགས་ནས། ལྷུ་ཚིགས་ཁག་ཏུ་ཐོན་རྫས་དང་། ལག་རྩལ། ཞབས་ཞུ་སོགས་ཀྱི་སྤེལ་རེས་བྱས་ནས། རྒྱ་ཆེའི་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་དང་མཉམ་གྲོས་མཉམ་ལས་ལས་སྟེགས་གཏོད་པ་དང་། འབྲུ་རིགས་ཐོན་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བ། འབྲུ་རིགས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འབྲུ་རིགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།