དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སློབ་མའི་ལམ་སྟོན་པ་ཡག་པོ་ཞིག་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཏིང་ཡ་སུང་། མོན་ཅེ་ཝུའེ།   |     སྤེལ་དུས།  2026-09-10

    “སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས”

    ——2026ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

    ཅི་ལིན་སློབ་ཆེན་ཁྲའོ་དབྱང་སློབ་ཁུལ་དུ་ཧོང་ཏ་ཉན་གྱི་དྲན་གསོ་ཁང་གསར་པ་ཉེ་དུས་སྐྲུན་མཇུག་འགྲིལ་བ་རེད། འགྲེམས་སྟོན་ཁང་ནང་དུ་ཧོང་ཏ་ཉན་གྱི“མི་དམངས་ཀྱི་སློབ་གསོ་མཁས་ཅན”ཞེས་པའི་གཟི་བརྗིད་མཚན་སྙན་ལག་ཁྱེར་དང་གཟེངས་རྟགས་བཤམས་ཡོད་ཅིང་། དེའི་འཁྲིས་སུ་ཁོང་གིས་བྲིས་གནང་བའི་ཉིན་རེའི་ལས་རིམ་རེའུ་མིག་ནང་ལས་ཐོ་ཞིབ་ཅིང་ཕྲ་བ་བཀོད་ཡོད།

    2017ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་མཛད་རྗེས་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། “རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་སེམས་པ་དང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་ཕུགས་འདུན་དེ། མེས་རྒྱལ་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བྱ་གཞག་རླབས་པོ་ཆེའི་ནང་དུ་འཇུག་པ་དང་མི་དམངས་ཀྱིས་ལོ་རྒྱུས་གསར་གཏོད་བྱེད་པའི་རླབས་ཆེན་འབད་འཐབ་ནང་དུ་མཉམ་འདྲེས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ཐུགས་རེ་ཟབ་མོ། གནད་སྨིན་དོན་འཁྱོལ།

    ལོ་དེ་རང་དུ་སློབ་གསོ་པུས་རྒྱལ་ཡོངས་མཐོ་སློབ་ཀྱི་ཧོང་ཏ་ཉན་རྣམ་པའི་དགེ་རྒན་ཚོགས་པ་འཛུགས་གཏོད་བྱེད་སྒོ་སྤེལ་ཞིང་། ཁག་དང་པོར་གཏན་འཁེལ་བྱས་པའི་དགེ་རྒན་ཚོགས་པ་201ཡོད་པ་དེ་དག་མཐོ་སློབ་200ནས་ཡིན་པ་དང་རིག་ཚན་གྱི་རྣམ་གྲངས་ཁག་དང་ཤར་དབུས་ནུབ་གསུམ་གྱི་ཞིང་ཆེན་ཚང་མར་ཁྱབ་ཡོད།

    2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མཐོ་སློབ་ཀྱི་ཧོང་ཏ་ཉན་རྣམ་པའི་དགེ་རྒན་ཚོགས་པའི་འཐུས་མིར་འཕྲིན་ལན་སྤྲིངས་ཏེ། “ཀུན་སྤྱོད་བློ་སྦྱོང་དང་། ཐོས་པ་སློབ་གཉེར། གསར་གཏོད་གསར་འབྱེད་བཅས་བྱས་ཏེ་སློབ་སྦྱོང་དང་། དངོས་སྒྲུབ། སྤྱོད་ལམ་བཅས་གསུམ་གཅིག་གྱུར་དངོས་འབྲེལ་ཡོང་བར་བྱས་ནས་སློབ་མའི་འཚར་ལོངས་ཀྱི་ལམ་སྟོན་པ་ཡག་པོ་ཞིག་བྱེད་དགོས”ཞེས་ལྕག་སྐུལ་གནང་ཡོད།

    “ཀྲུང་ཧྭ་དར་རྒྱས་གཏོང་རྒྱུ་ནི་ང་ཚོ་མི་རབས་འདིའི་འགན་འཁྲི་ཡིན”ཞེས་པ་ནི་ཧོང་ཏ་ཉན་གྱིས་རྒྱུན་དུ་གསུངས་པའི་བཀའ་མོལ་ཞིག་རེད་ལ། སློབ་གསོའི་ལས་དོན་པ་ཁྲི་སྟོང་མང་པོའི་སེམས་གཏིང་དུ་བཅངས་པའི་འགན་འཁྲི་ཞིག་ཀྱང་རེད།

    མིག་སྔར། རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཧོང་ཏ་ཉན་རྣམ་པའི་ཁག་གསུམ་པའི་དགེ་རྒན་ཚོགས་པ་591གཏན་འཁེལ་བྱས་པ་དང་ཁག་བཞི་པའི་ཚོགས་པ་200གསར་དུ་འཛུགས་བཞིན་ཡོད། རྒྱ་ཆེའི་མཐོ་རིམ་སློབ་གྲྭའི་དགེ་རྒན་གྱིས་སློབ་ཁྲིད་ལས་ལ་གཞོལ་ཞིང་། བདག་ཚོགས་སེམས་པ་རྒྱུན་དུ་འཆང་བ་དང་རྒྱལ་ཁབ་ལ་དྲིན་ལན་རྣམ་དག་འཇལ་བའི་བླ་ན་མེད་པའི་སྙིང་སྟོབས་དེ། སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་གསོན་ཉམས་དོད་པའི་སློབ་ཁང་དུ་བསྒྱུར་བ་དང་། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལག་ལེན་གསོན་ཉམས་དོད་པོ་ཞིག་ཏུ་བསྒྱུར་ཡོད།

    མིག་དཔེ་གཅིག་གིས་ཕྱོགས་གཅིག་གི་མུན་པ་བསལ། དཔུང་ཁག་ཅིག་གིས་སློབ་གསོའི་འབྱུང་འགྱུར་ལེགས་པར་བསྐྱངས།

    “སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས”ཞེས་པ་དང་། “ཏང་དང་མི་དམངས་བློ་ཡིད་ཚིམ་པའི‘བཞི་ལྡན’དགེ་རྒན་ཡག་པོར་འགྱུར་བའི་འབད་བརྩོན་བྱེད་དགོས”ཞེས་པ། “སློབ་མའི་སློབ་སྦྱོང་དང་། དངོས་སྒྲུབ། སྤྱོད་ལམ་བཅས་གསུམ་ཐད་ཀྱི་དགེ་རྒན་ཡག་པོ་ཞིག་བྱེད་དགོས”ཞེས་པ་སོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགེ་རྒན་དཔུང་ཁག་ལ་ཐུགས་རེ་ཟབ་མོ་བཅོལ་གནང་བ་དང་དུས་རབས་གསར་པའི་མི་དམངས་ཀྱི་དགེ་རྒན་ལ་བླ་ན་མེད་པའི་འགན་འཁྲི་དཀྲིས་ཏེ། དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    དཔུང་ཁག་འཛུགས་སྐྱོང་། སྤུས་འབྲས་ལེགས་གཉེར།

    ད་ལོའི་དབྱར་ཁར། པེ་ཅིང་དགེ་འོས་སློབ་ཆེན་གྱི“ཕུལ་བྱུང་དགེ་རྒན་གྱི་འཆར་གཞི”ཡི་སློབ་ཐོན་སློབ་མ་560ལྷག་ཙམ་གྱིས་གྲ་སྒྲིག་ཨང་བསར་བྱས་ཏེ། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་ཞིང་ཆེན་17གྱི་རྫོང་ཁོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་བསྐྱོད་ཅིང་། རྡོག་ཐོན་མཛད་སྒོར་སློབ་མ་རྣམས་ཀྱིས་མཉམ་དུ་སློབ་གསོའི་ལས་ལ་འབད་བརྩོན་ལྷོད་མེད་བྱ་རྒྱུའི་དམ་བཅའ་བཞག་ཡོད། ཁོང་ཚོས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་སར་བསྐྱོད་ནས་བྱིས་པ་ཁྲི་སྟོང་མང་པོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་རེད།

    “ཕུལ་བྱུང་དགེ་རྒན་གྱི་འཆར་གཞི”ཡིས་ལོ་ལྟར་དམིགས་སུ་བཀར་ནས་དབུལ་སྒྲོལ་རྫོང་དང་དབུས་ནུབ་རྒྱུད་ཀྱི་སྐམ་སའི་མཐའ་མཚམས་རྫོང་གི་སློབ་གྲྭ་འབྲིང་ཆུང་832ལ་དགེ་འོས་སློབ་མ་གསོ་སྐྱོང་བྱེད་པ་དང་། ཁོངས་གཏོགས་དགེ་འོས་སློབ་ཆེན་གྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོ་དེ་དངོས་གཞིའི་ཚན་ཁག་ནས་ཞིབ་འཇུག་སློབ་མའི་རིམ་པ་བར་མཐོ་རུ་བཏང་བ། “རྒྱལ་ཁབ་གསོ་སྦྱོང་འཆར་གཞི”ཡིས་ཤུགས་སྣོན་གནད་སྨིན་བརྒྱབ་ནས་བསམ་བློ་ཆབ་སྲིད་དང་། རོལ་དབྱངས་དང་། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཞི། སེམས་ཁམས་བདེ་ཐང་། ཚན་རིག་སློབ་གསོ་བཅས་ཀྱི་དགེ་རྒན་གཙོ་གནད་དུ་བཟུང་ནས་གསོ་སྦྱོང་བྱེད་པ། “གྲངས་འཛིན་ཅན་ལ་བརྟེན་ནས་དགེ་རྒན་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་སྦྱོར་བའི་བྱ་སྤྱོད”སྤེལ་འགོ་ཚུགས་པ་སོགས།

    གསོ་སྐྱོང་ནས་གསོ་སྦྱོང་བར་དང་སྲོལ་རྒྱུན་ནས་གྲངས་འཛིན་བར། རྒྱ་ཆེའི་དགེ་རྒན་གྱིས་འཇོན་ཐང་ཆེ་རུ་གཏོང་བ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་མི་གསོ་སྐྱོང་གི་ནུས་པ་དང་ཕྱོགས་བསྡུས་བྱང་ཚད་གཉིས་ཀ་མཐོ་རུ་བཏང་ཡོད།

    དགེ་བཀུར་དགེ་གཅེས། གཅེས་སེམས་སྲུང་སྐྱེལ།

    འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཆའི་ཡོང་འབབ་ས་གནས་དེ་གའི་གཞུང་ལས་པའི་ཆ་སྙོམས་གླ་ཆའི་ཡོང་འབབ་ལས་མི་དམའ་བ་ཡོད་པ་དང་། བགོ་སྒྲིག་བོགས་གཏོང་དང་བགོས་འཚོང་ཟུང་འབྲེལ་གྱི་གྲོང་གསེབ་དགེ་རྒན་གྱི་སྡོད་ཁང་འགན་སྲུང་མ་ལག་བསྐྲུན་པ། གྲོང་གསེབ་དགེ་རྒན་གྱི་ཧེ་བག་ཅན་གྱི་ཁ་གསབ་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལོ་ལྟར་གྲོང་གསེབ་ཀྱི་དགེ་རྒན་ཁྲི་120ལྷག་ཙམ་ལ་ཕན་པ་བཏགས་པ་སོགས། དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱ་རྒྱུ་དེ་དངོས་དངོས་རྗེན་རྗེན་གྱི་འདེགས་སྐྱོར་ཞིག་ཏུ་གྱུར་ཡོད།

    རྨང་གཞི་བརྟན་པོ་འདིང་བའི་བྱ་སྤྱོད་རེ་རེ་ནི་རྒྱ་ཆེའི་དགེ་རྒན་གྱིས་འབད་འབུངས་ཡར་བརྩོན་བྱེད་པའི་སྒུལ་ཤུགས་སུ་གྱུར་ཡོད། དགེ་རྒན་མང་པོ་ཞིག་བློ་བདེ་པོས་སློབ་ཁྲིད་དང་། སྤྲོ་སེམས་ཆེན་པོས་སློབ་ཁྲིད། སྤྲོ་སྣང་ལྡན་པའི་ངང་སློབ་ཁྲིད། སེམས་རྣལ་དུ་ཕབ་ནས་སློབ་ཁྲིད་བཅས་ཐུབ་པས། ལས་གནས་ཐོག་ནས་བདེ་སྐྱིད་ཚོར་སེམས་དང་། བྱ་གཞག་ཐོག་ནས་གྲུབ་འབྲས་ཚོར་སེམས། སྤྱི་ཚོགས་ཐོག་ནས་གཟི་བརྗིད་ཚོར་སེམས་བཅས་བྱུང་ཡོད།

    “སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས”རྒྱང་ལམ་གསར་པར། དུས་རབས་གསར་པའི་མི་དམངས་ཀྱི་དགེ་རྒན་གྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས“ཕུགས་འདུན་རུ་ཁག”གི་ཕུགས་འདུན་གཏོད་མཁན་ཡག་པོ་ཞིག་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་དུ་ལེགས་སྐྱེས་གསར་པ་འབུལ་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།