དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ནས་2027ལོའི་ལོ་འཁོར་གྱི་དམག(ཉེན་རྟོག)དཔོན་ཐད་ཀར་བསྡུ་བའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-10

    མཐོ་སློབ་ཀྱི་ཕུལ་བྱུང་ཤེས་ལྡན་པ་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ནང་རྒྱ་ཁྱབ་ཞུགས་ཆེད། ཉེ་ཆར་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས་2026ནས་2027ལོའི་ལོ་འཁོར་གྱི་དམག(ཉེན་རྟོག)དཔོན་ཐད་ཀར་བསྡུ་བའི་ལས་དོན་བཀོད་སྒྲིག་བྱས་ནས་སྤེལ་བ་རེད།

    དམག་དཔུང་གི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་། ཐད་ཀར་བསྡུ་བ་ནི་གཙོ་བོ“རྩེ་གྲ་གཉིས”ཀྱི་འཛུགས་སྐྲུན་མཐོ་སློབ་དང་དེ་བཞིན་འཛུགས་སྐྲུན་རིག་ཚན་གྱི་ལོ་འདི་གའི་སློབ་ཐོན་སློབ་མའི་ཁྲོད་ནས་འདེམས་རྒྱུ་དང་། བསྡུ་བའི་ཁྱབ་ཁོངས་ནི་2025ལོའི་ཟླ་12པ་ནས་2027ལོའི་ཟླ་6པའི་བར་གྱི་ལོ་འདི་གའི་སློབ་ཐོན་སློབ་མ་ཡིན་ཞིང་། མིང་ཐོ་འགོད་མཁན་གྱིས་2026ལོའི་ཟླ་9ཚེས་18ཉིན་ནས་ཟླ་9ཚེས་30ཉིན་བར“དམག་དཔུང་གི་ཤེས་ལྡན་པའི་དྲ་བ(http://81rc.81.cnཡང་ནhttp://www.81rc.mil.cn)བརྒྱུད་བསྡུ་བའི་ལས་གནས་དང་ཚད་ལྡན་ཆ་རྐྱེན་ཞིབ་ཕྲ་འདྲི་རྩད་བྱེད་པ་དང་འབྲེལ་དྲ་ཐོག་ནས་མིང་ཐོ་འགོད་དགོས། རྗེས་མཐུད་དམག་དཔུང་གི་འབྲེལ་ཡོད་ཚན་པས་བསྡུ་ལེན་གྱི་གོ་རིམ་གཞིར་བཟུང་རྟོག་ཞིབ་ལེགས་འདེམས་དང་། གཟུགས་པོ་བརྟག་དཔྱད། ཆབ་སྲིད་དཔྱད་ཞིབ། ཆེད་ལས་དཔྱད་བསྡུར་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ཏེ་འདྲ་མཉམ་དྲང་གཞག་ངང་བདམས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཇོན་ཐང་ཅན་ལ་དམིགས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།