དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འོད་ཤུགས་གློག་འདོན་འཕྲུལ་འཁོར་དེ་ཉིད་གློག་འདོན་ཤུགས་ཆེ་ཤོས་ཀྱི་གློག་ཁུངས་གྲས་སུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-10

    འདི་ནི་ཀྲེ་ཅང་ཧུའུ་ཀྲོའུ་ཁྲང་ཤིང་རྫོང་དུ་ཁེ་ལས་ཤིག་གི་ཐོག་ཁའི་འོད་ཤུགས་གློག་འདོན་ཤེལ་ལེབ་ཡིན་པ།

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོཌ་བྱུང་བར། ད་ལོའི་ཟླ་7པའི་ཟླ་མཇུག་བར། རང་རྒྱལ་གྱི་འོད་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཤུགས་ཆན་ཝ་དུང་ཕྱུར་12.86ཟིན་པ་དང་། དེའི་ནང་གཅིག་སྡུད་རྣམ་པའི་འོད་ཤུགས་ཆན་ཝ་དུང་ཕྱུར་7.04དང་ཁྱབ་ཚུལ་རྣམ་པའི་འོད་ཤུགས་ཆན་ཝ་དུང་ཕྱུར་5.82ཟིན་གྱི་ཡོད། འོད་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཤུགས་དེ་རྡོ་སོལ་གློག(རྡོ་སོལ་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཤུགས་ཆན་ཝ་དུང་ཕྱུར་12.85ཟིན་པ)ལས་ཐོག་མར་བརྒལ་ནས་རང་རྒྱལ་གྱི་གློག་འདོན་ཤུགས་ཆེ་ཤོས་ཀྱི་གློག་ཁུངས་གྲས་སུ་གྱུར་ཡོད།

    ད་ལོའི་ཟླ་7པར། འོད་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཤུགས་ཆན་ཝ་ཁྲི་1373མང་དུ་ཕྱིན་པ་དེ་དུས་མཚུངས་ལས་43%འཕར་ཡོད། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། འོད་ཤུགས་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8024ཟིན་པ་དེ་དུས་མཚུངས་ལས་15.5%འཕར་ནས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་འཕར་ཚད་བརྒྱ་ཆའི་གྲངས་10.8ལས་བརྒལ་ཡོད། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཁྲོད་འོད་ཤུགས་གློག་གཏོང་གི་བསྡུར་ཚད་ཀྱིས་13%ཟིན་པ་དེ་ན་ནིང་གི་ལོ་ཧྲིལ་པོའི་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.7འཕར་ཡོད། ཉེ་བའི་ལོ་ཤས་རིང་། འོད་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཤུགས་དང་དེ་བཞིན་གློག་གཏོང་ཚད་འཕར་ཚུལ་མགྱོགས་པོ་རྒྱུན་མཐུད་རྒྱུན་འཁྱོངས་ཐུབ་ནས་གློག་ཤུགས་མཁོ་སྤྲོད་འགན་ལེན་དང་ནུས་རྒྱུའི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།