རྒྱལ་ཡོངས་ཀྱི་སྲུང་སྐར་ཕྱོགས་སྟོན་ངེས་གནས་གཞི་འཛིན་ས་ཚུགས་ཀྱི་གྲངས་འབོར་7569བར་མང་དུ་ཕྱིན་པ།
རྒྱལ་ཡོངས་ཀྱི་སྲུང་སྐར་ཕྱོགས་སྟོན་ངེས་གནས་གཞི་འཛིན་ས་ཚུགས་ཀྱི་གྲངས་འབོར་7569བར་མང་དུ་ཕྱིན་ནས། བྱང་སྐར་སྤུན་བདུན་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
ཉེ་ཆར། གསར་འགོད་པར་རྒྱལ་ཡོངས་ཀྱི་སྲུང་སྐར་ཕྱོགས་སྟོན་ངེས་གནས་གཞི་འཛིན་ས་ཚུགས་དྲ་བའི་ཞབས་ཞུའི་གྲངས་གཞི་དབང་སྤྲོད་གཉེར་སྐྱོང་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། གཞི་འཛིན་ས་ཚུགས་དེ་དག་ནང་རྒྱལ་ཁབ་ཀྱི་ས་ཚུགས་420དང་། ཞིང་ཆེན་རིམ་པའི་ས་ཚུགས་3293 མཐུན་སྦྱོར་ས་ཚུགས་3856བཅས་ཚུད་ཡོད་པ་དང་། ཐུན་མོང་ཐོག་སྲུང་སྐར་ཕྱོགས་སྟོན་ངེས་གནས་ཀྱི་རྒྱལ་ཡོངས་ཀྱི“དྲ་བ་གཅིག”བཟོས་ནས། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ། ནགས་ཚལ་དང་རྩྭ་ཐང་ལྟ་ཞིབ་ཚད་ལེན། རང་བྱུང་གནོད་འཚེའི་སྔོན་བརྡ་གཏོང་བ། ནུས་རྒྱུ་འཕྲིན་གཏོང་། ལས་གྲྭ་འཛུགས་སྐྲུན། གྲོང་ཁྱེར་དོ་དམ་སོགས་ལ་ཞིབ་ཅིང་ཕྲ་བའི་ཡུལ་དུས་ཞབས་ཞུའི་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད།
སྲུང་སྐར་ཕྱོགས་སྟོན་ངེས་གནས་གཞི་འཛིན་ས་ཚུགས་ནི་རྒྱལ་ཁབ་ཀྱི་ཡུལ་དུས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་དང་། བྱང་སྐར་སྤུན་བདུན་མ་ལག་ལ་ཞིབ་ཅིང་ཕྲ་བའི་ཞབས་ཞུ་ཐུབ་པའི་ས་ངོས་ཀྱི་འདེགས་སྐྱོར་ཞིག་རེད། རང་བྱུང་ཐོན་ཁུངས་པུའུ་ཡིས་རྒྱལ་ཡོངས་ཀྱི་གཞི་འཛིན་ས་ཚུགས་ཀྱི་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ། ཁྲིམས་གཏན་འཁེལ་བའི་དབང་གྲགས་དང་། ཚད་གཞི་གཅིག་གྱུར། གནད་སྨིན་བློས་འགེལ། བདེ་འཇགས་ཚོད་འཛིན་བཅས་ཀྱི་གཞི་འཛིན་ས་ཚུགས་ཀྱི“དྲ་བ་གཅིག”བསྐྲུན་པ་དང་འབྲེལ། རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་བྱས་ཏེ་བྱང་སྐར་སྤུན་བདུན་ཉེར་སྤྱོད་དང་གཞི་འཛིན་ཞབས་ཞུ་ལྟེ་གནས་མཐུན་སྦྱོར་གྱི་འཁོར་སྐྱོད་སྲུང་སྐྱོང་དོ་དམ་མ་ལག་བཙུགས་ནས། སྤྱི་ཚོགས་ལ་ཐིག་ལེན་རིས་འབྲིའི་རྒྱལ་ཁབ་ཀྱི་གཅིག་གྱུར་ཚད་གཞིའི་ཞབས་འདེཌ་ཞུ་ཡི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།