དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “མཚོ་འཇིངས་ཨང་དང་པོའི”ཚན་ཞིབ་གྲུ་གཟིངས་མཚོ་ཐོག་ལ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-10

    ཟླ་9ཚེས་6ཉིན། ཧྲན་ཏུང་ཆིང་ཏའོ་རུ“ཀླུ་མོ”རྟགས་ཅན་གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད་བླུགས་པའི“མཚོ་འཇིངས་ཨང་དང་པོའི”ཚན་ཞིབ་གྲུ་གཟིངས་བདེ་བླག་ངང་གྲུ་ཁ་ནས་ཐོན་ཏེ་རྒྱ་མཚོའི་་དབུས་སུ་བསྐྱོད་ནས་རེས་སྐོར་གསར་པའི་རྒྱ་མཚོའི་ཚན་ཞིབ་ལས་འགན་བསྒྲུབ་རྒྱུ་རེད། “ཀླུ་མོ”རྟགས་ཅན་ནི་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྨི་7000རིམ་པའི་མི་ཞུགས་ཆུར་འཛུལ་ཡོ་བྱད་དང་རང་རྒྱལ་གྱིས་མཚོ་འཇིངས་སུ་ཚན་རིག་ཞིབ་འཇུག་བྱེད་པའི་ལག་ཆ་ཞིག་རེད། “མཚོ་འཇིངས་ཨང་དང་པོ”དེ་ཆེད་ལས་ཀྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཨ་མ་ཞིག་ཡིན་པའི་ངོས་ནས་སྒྲིག་ཆས་སྔོན་ཐོན་དང་རྒྱུན་མཐུད་སྐྱོད་ཤུགས་ཆེ་བས་མཚོ་འཇིངས་སུ་ཚན་ཞིབ་བྱེད་པར་མཚོ་ཐོག་ཏུ་ཕྱོགས་ཡོངས་ནས་འདེགས་སྐྱོར་བྱེད་ཐུབ་ཀྱི་ཡོད། འདི་ནི་ཉེ་ཆར“ཀླུ་མོ”རྟགས་ཅན་གྱི་མི་ཞུགས་ཆུར་འཛུལ་ཡོ་བྱད“མཚོ་འཇིངས་ཨང་དང་པོའི”ཚན་ཞིབ་གྲུ་གཟིངས་ནང་བླུག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།