དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་དུ་སྡོད་རིང་གི་དྲོ་སྐྱིད་ཚོར་བའི་སྐད་ཅིག་མ་རེ་རེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-10

    སྲུང་སྐྱོང་གི་སྟོབས་ཤུགས་ཚོར་བ།

    ཟླ་8ཚེས་29ཉིན་གྱི་ཞོགས་པ། རི་སྟེང་གི་སྨུག་སྤྲིན་ད་དུང་ཡལ་མེད་ནའང་ང་ཚོ་གྱེས་ཕུག་གྲོང་ཚོར་ཐོན་ཟིན། ལམ་འགྲམ་དུ་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་། ཁམ་སྡོང་དང་ལི་སྡོང་སྟེང་འབྲས་བུ་མང་པོ་བཏགས་འདུག

    བཀོད་སྒྲིག་བྱ་ཡུལ་དུ་ངས་བགྲེས་སོང་ཁག་གཅིག་ལ“ཁྱེད་ཚོ་ལ་བི་གྲོང་ཚོ་ནས་ཡིན་ནམ”ཞེས་དྲིས།

    “ལ་བི་གྲོང་ཚོ”ཞེས་པ་ཐོས་རྗེས་བགྲེས་སོང་ཚོས“ལགས་ཡིན། ང་ཚོ་ལ་བི་ནས་ཡིན”ཞེས་ལན་བཏབ་བྱུང་། དེ་རྗེས་ཁོང་ཚོས་འཁྲིས་ཀྱི་སྡོད་ས་སྟོང་པ་དེར་ང་ཚོ་སྡོད་དུ་བཅུག་ནས“ཆུ་འཁོལ་འཐུང་དང”ཞེས་སེམས་རྩ་འཁོལ་པོས་བཤད་བྱུང་།

    འདི་གར་སྤོས་མ་ཐག་པའི་བགྲེས་སོང་དེ་དག་ཀྱང་ཆ་རྒྱུས་མེད་པའི་ཁོར་ཡུག་ནང་སླེབས་ཙམ་ཡིན་ནའང་། ང་ཚོ་ས་ཐག་རིང་པོ་ནས་ཡོང་བ་ཤེས་རྗེས་ལམ་སེང་ཆུ་ཕོར་པ་གང་བླུགས་ཏེ་ཆེས་བབ་ཆགས་པའི་བྱེད་སྟངས་ལ་བརྟེན་ནས་ང་ཚོའི་ངལ་དུབ་སེལ་ཐབས་བྱེད་ཀྱི་འདུག

    ཉིན་དེར་ངས“ཀྲུང་གོའི་མྱུར་ཚད”དང“ཀྲུང་གོའི་སྟོབས་ཤུགས”ལ་ངེས་ཤེས་བརྟན་པོ་དང་གསལ་པོ་ཞིག་དེ་བས་ཀྱང་བྱུང་སྟེ། དེ་ནི་རོགས་སྐྱོབ་དཔུང་ཁག་མགྱོགས་མྱུར་འབྱོར་བ་དང་། དངོས་ཟོག་མགྱོགས་མྱུར་དབོར་བ། གནས་སྤོས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་གང་མགྱོགས་སྤོ་བ་ཙམ་གྱིས་མ་ཚད་པར། གནོད་འཚེ་སེལ་ཐབས་དང་མང་ཚོགས་ཀྱི་དངངས་སྐྲག་འཇགས་ཐབས་ལ་འབད་དེ་ཉེན་ཁ་འཕྲད་པའི་མི་རྣམས་ལ་གང་མགྱོགས་ལྟོ་ཆས་ཚ་པོ་རག་ཐབས་དང་གཉིད་ཡག་པོ་ཁུག་ཐབས་བྱས་པ་དེ་རེད།

    མང་ཚོགས་ཀྱི་དོ་ཁུར་ཚང་མར་ལན་ཡོད་པར་བྱས་པ།

    ཟླ་8ཚེས་31ཉིན། འགག་སྒོ་དང་བར་ཐག་སྤྱི་ལེ་1.7ཡོད་པའི་སྐྱིད་གྲོང་གཙང་པོའི་ངོགས་སུ་མེ་གསོད་རོགས་སྐྱོབ་མི་སྣས་ཨ་ལས་པད་གོག་རི་བོང་ཆུང་ཆུང་ཞིག་རྙེད་བྱུང་ཞེས་ང་ལ་བཤད་རྗེས་སྐད་ཆ་གཞན་གང་ཡང་མི་སྨྲ་བར་མུ་མཐུད་སྒུར་སྒུར་བྱས་ཏེ་འཚོལ་སྐྱོབ་བྱས།

    ང་ཚོས་ཉིན་འདི་དག་ནང་གེགས་ཁུལ་ནས་འདམ་རྫབ་དང་། ཤིང་སྡོང་། གཏོར་སྐྱོན་ཤོར་བའི་ཁང་པ་སོགས་རྒྱུན་དུ་མཐོང་རྒྱུ་ཡོད་པས་གོམས་འདུག འོན་ཀྱང་ཨ་ལས་པད་གོག་རི་བོང་ཆུང་ཆུང་དེ་མཐོང་དུས་རང་དབང་མེད་པར་ངུ་ཤོར་བྱུང་།

    ས་ཡུལ་དངོས་ཀྱི་ལོ་ན་ཆུང་བའི་མེ་གསོད་རོགས་སྐྱོབ་མི་སྣ་དེ་དག་མཐོང་དུས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། ཁོ་ཚོའི་ནང་ནས་ལ་ལ་ལོ་ཉི་ཤུ་ལྷག་ཙམ་ཡིན་ཡང་ཉེན་ཁ་ཆེ་ཤོས་ཀྱི་སར་གདོང་མཆོང་བྱེད་བཞིན་འདུག ངས་ལོ་ན་གཞོན་པའི་མེ་གསོད་རུ་མི་ཞིག་ལ“ཕྱིར་ལོག་རྗེས་སེམས་ཁམས་ཁྲིད་སྟོན་བྱེད་དགོས་སམ”ཞེས་དྲིས་པ་ཡིན། ཁོང་གིས་འཚོལ་སྐྱོབ་བྱེད་ཞོར་དུ“ང་ཚོ་སྔ་ས་ནས་གོམས་འདུག འོན་ཀྱང་སེམས་གཏིང་ནས་ཚེ་སྲོག་ཅིག་སྐྱོབ་ཐུབ་ན་བསམ་གྱི་འདུག”ཅེས་བཤད་བྱུང་།

    ང་ཚོ་ཚང་མར་བརྟན་སྲུང་བྱ་ཡུལ་ཡོད།

    ཟླ་9ཚེས་2ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། ཉིན་8དང་མཚན་7འབད་བརྩོན་བྱས་མཐར་གཞི་ནས་བགྲོད་ལམ་ཤར་གཏོང་ཐུབ་སོང་། སྐབས་དེར་མིག་ཆུ་དབང་མེད་དུ་ཤོར་ནས་ངའི་བློ་ངོར་ཚོར་སྣང་སྣ་ཚོགས་བྱུང་།

    རོགས་སྐྱོབ་མི་སྣ་དང་། དངོས་ཟོག སྒྲིག་ཆས་བཅས་གཞི་ནས་སྐམ་སའི་བགྲོད་ལམ་ནས་གནོད་འཚེའི་ལྟེ་བའི་ཁུལ་དུ་སྐྱོད་ཐུབ་སོང་།

    ང་དང་དངོས་གྲུབ་ཚེ་རིང་གིས་ཐད་གཏོང་བྱེད་ཞོར་དུ་ལྟེ་བའི་ཁུལ་དུ་བསྐྱོད་པ་ཡིན། སྐྱིད་གྲོང་འགག་སྒོའི་གནོད་འཚེའི་ལྟེ་བའི་ཁུལ་དུ་འབྱོར་སྐབས་སྐར་ལྔའི་དར་དམར་ཞིག་ད་དུང་ལྷབ་ལྷུབ་ཏུ་གཡོ་བ་མཐོང་བྱུང་། དེ་ནི་དེ་སྔ་རྒྱལ་མཚམས་སྒོ་མོ་གནས་ས་རེད། མིག་མདུན་གྱི་ཞིག་རོ་མཐོང་དུས་སེམས་སྡུག་ཚད་མེད་བྱུང་།

    ཞིག་རོའི་སྟེང་དུ་རོགས་སྐྱོབ་མི་སྣས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་འཚོལ་སྐྱོབ་བྱེད་བཞིན་འདུག

    དགོང་མོ་དེར་ངས་གནོད་འཚེའི་ལྟེ་བའི་ཁུལ་ནས་བླངས་པའི་བརྙན་ཐུང་དེ་གྲོགས་ཚོགས་ནང་བསྐུར་ནས་དེ་དང་མཉམ་དུ“ཉིན་མང་པོ་དེ་འདྲ་བརྟན་སྲུང་བྱས་རྗེས་བགྲོད་ལམ་སྨི་རེ་རེ་བྱས་ནས་རྒྱལ་མཚམས་སྒོ་མོའི་བར་ཤར་གཏོང་ཐུབ་པ་མཐོང་སྐབས་གཞི་ནས་བསམ་འདུན་འགྲུབ་པའི་ཚོར་སྣང་བྱུང་། དེ་གར་བརྟན་སྲུང་བྱེད་མཁན་རོགས་སྐྱོབ་མི་སྣ་ཚང་མར་གུས་འདུད་ཞུ་གི་ཡིན་ལ། སླད་ཕྱིན་རི་ཀླུང་སྔར་བཞིན་མཛེས་པ་དང་མི་རྣམས་བདེ་འཇགས་ཡོང་བའི་སྨོན་འདུན་ཡང་ཞུ་གི་ཡིན”ཞེས་པའི་སྐད་ཆ་འདི་འདྲ་ཞིག་བྲིས་པ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།