བོད་ཀྱི་ཁེ་ལས་བརྒྱ་ལྷག་ཙམ་གྱིས་མཁའ་འགྲུལ་ཟོག་འགྲུལ་མཉམ་ལས་ལ་མཉམ་དུ་གྲོས་མོལ་བྱས་པ།
ཉེ་ཆར། 2022ལོའི་ལོ་འཁོར་གྱི“མཉམ་དུ་ཁེ་ལས་ལ་ཕན་པ་སྐྲུན” ཞེས་པའི་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་བྱ་སྤྱོད་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གི“མཉམ་འདྲེས་ལག་གདང་སྦྲེལ་བའི”འབྲེལ་མཐུད་ཆེད་དོན་བྱེད་སྒོ་ལྷ་སར་སྤེལ་ཞིང་། ལྗོངས་ནང་ཁུལ་གྱི་གཙོ་གནད་སྣེ་འདྲེན་ཁེ་ལས་དང་། ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་། ལས་རིགས་མཐུན་ཚོགས། ཆེད་ལས་ཞབས་ཞུའི་སྒྲིག་གཞི་སོགས་ཚན་པའི་འཐུས་མི་100ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་གཙོ་གཉེར་ཕྱོགས་ཀྱིས་བོད་ལྗོངས་མཁའ་འགྲུལ་གྱི་ཐོན་ཁུངས་སྒོ་དབྱེ་དང་ཁེ་ལས་ཀྱི་དགོས་མཁོ་དངོས་འཇུག་གཞིར་བྱས་ཏེ། མཁའ་འགྲུལ་ཟོག་འགྲུལ་དང་། མཁོ་སྤྲོད་འཁོར་འབྲེལ་མཐུན་སྦྱོར། ཁྲོམ་རའི་ཐབས་ལམ་རྒྱ་སྐྱེད། ཁེ་ལས་འབྲིང་ཆུང་གི་ལྷན་སྦྱར་སྐྱེད་སྲིང་སོགས་ཀྱི་ནང་དོན་ལ་དམིགས་ནས། ཚོགས་ཞུགས་ཁེ་ལས་སྒྲིག་འཛུགས་ཀྱིས་སྤེལ་རེས་དང་འབྲེལ་མཐུད་གཏིང་ཟབ་བྱས་པ་རེད། དེའི་ནང་བོད་ལྗོངས་མཁའ་འགྲུལ་ཟོག་འགྲུལ་ཚད་ཡོད་འགན་འཁྲི་ཀུང་སིས“བོད་ཟོག་བོད་ནས་ཕྱིར་གཏོང”གི་མཁའ་འགྲུལ་ཟོག་འགྲུལ་ཞབས་ཞུའི་ཐོན་རྫས་བརྗོད་དོན་གཙོ་བོར་བྱས་ནས་མཉམ་སྤྱོད་བྱས་ཏེ། མཁའ་ལམ་དྲ་རྒྱ་དང་། མཁའ་འགྲུལ་སྐྱེལ་འདྲེན་བྱེད་ཤུགས། ཟོག་འདྲེན་ཞབས་ཞུའི་བརྒྱུད་རིམ་དང་མཉམ་ལས་བྱེད་སྟངས་བཅས་བརྒྱུད་རིམ་ལྡན་པའི་ངང་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།