དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དངུལ་ཁང་གིས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་འབྲེལ་ཡོད་ཁེ་ལས་ལ་ཡིད་རྟོན་དངུལ་བུན་སྒོར་ཁྲི་7900བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-09-10

    གསར་འགོད་པར་རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། སྐྱིད་གྲོང་གི་ཆུ་རུད་གནོད་འཚེར་དམིགས་ནས། ཟླ་9ཚེས་8ཉིན་གྱི་ཆུ་ཚོད་17བར། དངུལ་ཁང་གིས་རིམ་རྩིས་བརྒྱབ་ན་གནོད་འཚེའི་ཤུགས་རྐྱེན་ཕོག་པ་དང་གེགས་སེལ་མཁོ་སྤྲོད་འགན་ལེན་སོགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་སྒོར་ཁྲི་7900བཏང་བ་དང་། རིམ་རྩིས་བརྒྱབ་ན་འབྲེལ་ཡོད་ཁེ་ལས་དང་མི་སྒེར་ལ་དངུལ་བུན་ཁག་32དང་སྒོར་ཁྲི་5352.7བཏང་ཡོད།

    འགན་བཅོལ་ཞབས་ཞུའི་ཐད། ཟླ་9ཚེས་8ཉིན་གྱི་ཆུ་ཚོད་17བར། འགན་བཅོལ་སྒྲིག་གཞིས་ཚོད་རྩིས་བརྒྱབ་པའི་གྱོང་གུན་ཕོག་ཚད་སྒོར་དུང་ཕྱུར་4.5ཟིན་པའི་ནང་། བསམ་ཡུལ་ལས་འདས་པའི་འགན་བཅོལ་གྱི་གྱོང་གུན་ཕོག་ཚད་སྒོར་དུང་ཕྱུར་2ཙམ་ཟིན་པ་དང་། ལས་གྲྭའི་འགན་བཅོལ་དང་། འགན་འཁྲིའི་འགན་བཅོལ། རྒྱུ་ནོར་འགན་བཅོལ་སོགས་འཁོར་རིགས་ཀྱི་འགན་བཅོལ་མིན་པའི་གྱོང་གུན་ཕོག་ཚད་སྒོར་དུང་ཕྱུར་2.1ཟིན་ཡོད། རིམ་རྩིས་བརྒྱབ་ན། འབྲེལ་ཡོད་འགན་བཅོལ་གྱི་གྱོད་དོན་སྙན་སེང་ཁག་142འབྱོར་བ་དང་སྐྱིན་ཚབ་སྒོར་ཁྲི་447.41སྤྲད་པ་རེད།

    རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ཐད། གེགས་ཁུལ་གྱི་དངུལ་ཁང་སྒྲིག་གཞི་ཁག་གིས་འཕྲལ་སྡོམ་དངུལ་སྨར་མི་དམངས་ཤོག་སྒོར་ཁྲི་20781.24དང་། ཨ་སྒོར་ཁྲི་28 ནེ་པ་ལའི་རུ་པི་ཁྲི་265བཅས་གྲབས་གསོག་བྱས་ནས་དངུལ་སྨར་ལེན་པ་དང་། དངུལ་འགྲུལ་སྒྱུར་གཏོང་། ཕྱི་དངུལ་བརྗེ་སྒྱུར་སོགས་དངུལ་རྩའི་ཞབས་ཞུའི་དགོས་མཁོར་འགན་ལེན་བྱས་ཡོད། ཞིང་ལས་དངུལ་ཁང་སྐྱིད་གྲོང་འགག་སྒོའི་ཉིང་ལག་དངུལ་ཁང་གིས་རིམ་རྩིས་བརྒྱབ་ན་གནོད་འཚེའི་ཤུགས་རྐྱེན་ཕོག་པའི་ཚོང་ཤག་རྙིང་པར་དངུལ་བུན་དུས་འགྱངས་ལས་སྒོ་ཐེངས་638གཉེར་བའི་དངུལ་འབོར་སྒོར་དུང་ཕྱུར་1.14ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།