མངའ་རིས་དགུན་ས་གནམ་ཐང་གི་མངའ་རིས་ནས་ཧོ་ཐེན་དང་ཝུའུ་ལུའུ་མུའུ་ཆི་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ།
ཉེ་ཆར། དུས་གཏན་གནམ་གྲུ་8L9993མངའ་རིས་དགུན་ས་གནམ་ཐང་དུ་བརྟན་པོ་བབས་པ་དང་བསྟུན་ནས། མངའ་རིས་ཀྱི་དགུན་ས་ནས་ཧོ་ཐེན་དང་ཝུའུ་ལུའུ་མུའུ་ཆི་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མཁའ་ལམ་དེ་ནི་ཞང་ཕུང་མཁའ་འགྲུལ་ཀུང་སིས་འཕུར་སྐྱོད་ལས་འགན་ཁུར་བ་དང་། གཟའ་འཁོར་རེའི་གཟའ་མིག་དམར་དང་། ཕུར་བུ། སྤེན་པ་བཅས་ལ་དུས་གཏན་གནམ་གྲུ་རེ་ཡོད་ཅིང་། འཕུར་སྐྱོད་གནམ་གྲུ་ནི་པོ་དབྱིན་737—700ཡིན་པ་རེད། དུས་གཏན་གནམ་གྲུ་8L9993ཆུ་ཚོད་6དང་སྐར་མ་55ཙམ་ལ་ཝུའུ་ལུའུ་མུའུ་ཆི་ཐེན་ཧྲན་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་9དང་སྐར་མ་10ཙམ་ལ་ཧོ་ཐེན་ཁུན་ཀང་གནམ་ཐང་དུ་འབྱོར་བ་དང་། ཆུ་ཚོད་9དང་སྐར་མ་55ཙམ་ལ་ཧོ་ཐེན་ཁུན་ཀང་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་11དང་སྐར་མ་25ཙམ་ལ་མངའ་རིས་དགུན་ས་གནམ་ཐང་དུ་འབྱོར་གྱི་ཡོད།
དུས་གཏན་གནམ་གྲུ་8L9994ཆུ་ཚོད་12དང་སྐར་མ་10ཙམ་ལ་མངའ་རིས་ཀྱི་དགུན་ས་གནམ་ཐང་ནས་འཕུར་བ་དང་། ཆུ་ཚོད་13དང་སྐར་མ་50ཙམ་ལ་ཧོ་ཐེན་ཁུན་ཀང་གནམ་ཐང་དུ་འབྱོར། ཆུ་ཚོད་14དང་སྐར་མ་35ཙམ་ལ་ཧོ་ཐེན་ཁུན་ཀང་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་16དང་སྐར་མ་30ཙམ་ལ་ཝུའུ་ལུའུ་མུའུ་ཆི་ཐེན་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད།
ཞང་ཕུང་མཁའ་འགྲུལ་ཀུང་སིས་གཉེར་སྐྱོང་བྱེད་པའི་ཝུའུ་ལུའུ་མུའུ་ཆི་ནས་ཁ་ཧྲི་བརྒྱུད་མངའ་རིས་བར་གྱི་མཁའ་ལམ་དུ་གཟའ་འཁོར་རེའི་གཟའ་ཟླ་བ་དང་། ལྷག་པ། པ་སངས། ཉི་མ་བཅས་ལ་དུས་གཏན་གནམ་གྲུ་འཕུར་སྐྱོད་བྱས་ནས། ཤིན་ཅང་དང་བོད་ལྗོངས་ཀྱི་མཁའ་ལམ་གཉིས་ཕན་ཚུན་གསབ་རེས་ཀྱིས་ས་མཐོ་ཡང་མཐོའི་མཁའ་ལམ་གྱི་འདྲེན་ནུས་མཁོ་སྤྲོད་དང་འགྲུལ་སྐྱོད་ཀྱི་སྟབས་བདེ་ཚད་མཐོ་རུ་ནུས་ལྡན་སོང་ཡོད། མིག་སྔར་མཁའ་ལམ་དེ་མཁའ་ལམ་རྩེ་གྲར་རིམ་སྤོར་བྱས་ཤིང་། མདོ་ཚང་གི་འགྲུལ་པ་ཚོས་སྤྱི་རྒྱ་20མན་གྱི་ལམ་ཆས་བཅོལ་སྐྱེལ་ལ་རིན་མི་དགོས་པ་དང་། སྤྱི་རྒྱ་7ཟིན་པའི་ལག་ཁྱེར་ལམ་ཆས་གནམ་གྲུའི་གྲུ་ཚང་དུ་འཁྱེར་ཆོག་པ། དེ་བཞིན་གནམ་གྲུའི་ཐོག་གི་ཟ་མའི་ཞབས་ཞུ་བཅས་ལོངས་སུ་སྤྱོད་ཆོག འགྲུལ་པས་ཞང་ཕུང་མཁའ་འགྲུལ་གཞུང་ཕྱོཌ་དྲ་བ་དང་། འགྲུལ་པར་ཞབས་ཞུའི་ཐད་སྦྲེལ་ཁ་པར་95326དང་དེ་བཞིན“ཧའེ་ནན་མཁའ་འགྲུལ”གྱི་APPབརྒྱུད་སྤ་སེ་ཉོ་ཆོག་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།