སྐྱིད་གྲོང་ཆུ་རུད་ཀྱི་འབྲེལ་ཡོད་འགན་བཅོལ་སྒོར་ཁྲི་447.41སྤྲད་པ་རེད།
གསར་འགོད་པར་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེར་དམིགས་ནས་ཟླ་9པའི་ཚེས་8ཉིན་གྱི་ཆུ་ཚོད་17བར་སླེབས་དུས། དངུལ་ཁང་གིས་གནོད་འཚེའི་ཤུགས་རྐྱེན་ཐེབས་པ་དང་གེགས་སེལ་མཁོ་སྤྲོད་འགན་ལེན་སོགས་ཀྱི་ཁེ་ལས་ལ་རིམ་རྩིས་བྱས་ན་ཡིད་རྟོན་སྒོར་ཁྲི་7900སྤྲད་པ་དང་། འབྲེལ་ཡོད་ཁེ་ལས་དང་མི་སྒེར་ལ་རིམ་རྩིས་བྱས་ན་དངུལ་བུན་ཐེངས་32དང་སྒོར་ཁྲི་5352.7བཏང་ཡོད་པ་རེད།
འགན་བཅོལ་ཞབས་ཞུའི་ཐད་ཟླ་9པའི་ཚེས་8ཉིན་གྱི་ཆུ་ཚོད་17བར། འགན་བཅོལ་ལས་ཁུངས་ཀྱིས་སྒོར་དུང་ཕྱུར་4.5ཡི་གྱོང་གུན་ཕོག་པའི་ཚོད་དཔག་བྱས་པ་དང་། དེའི་ཁྲོད་བསམ་འདས་ཉེན་འགོག་འགན་ལེན་ཚོད་དཔག་བྱས་ན་སྒོར་དུང་ཕྱུར་2ལ་ཉེ་བ་གྱོང་གུན་ཕོག་པ་དང་། ལས་གྲྭའི་འགན་བཅོལ་དང་། འགན་འཁྲིའི་འགན་བཅོལ། རྒྱུ་ནོར་འགན་བཅོལ་སོགས་རླངས་འཁོར་གྱི་འགན་བཅོལ་ཕུད་པའི་གྱོང་གུན་སྒོར་དུང་ཕྱུར་2.1ཟིན་ཞིང་། རིམ་རྩིས་བྱས་ན་འབྲེལ་ཡོད་འགན་བཅོལ་གྱི་གྱོད་དོན་སྙན་སེང་142འབྱོར་བ་དང་། སྐྱིན་ཚབ་དངུལ་གྲངས་སྒོར་ཁྲི་447.41སྤྲད་ཟིན་པ་རེད།
རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ཐད། གནོད་འཚེ་ཕོག་ཁུལ་གྱི་དངུལ་ཁང་ལས་ཁུངས་ཁག་གིས་འཕྲལ་སྡོམ་དངུལ་སྨར་མི་དམངས་ཤོག་སྒོར་ཁྲི་20781.24དང་། ཨ་སྒོར་ཁྲི་28 ནེ་པ་ལའི་ལུའུ་པི་ཁྲི་265བཅས་གྲབས་གསོག་བྱས་ཏེ། དངུལ་སྨར་གཏོང་ལེན་དང་། བསྐུར་དངུལ་སྒྱུར་གཏོང་། དེ་བཞིན་ཕྱི་དངུལ་འཛའ་བརྗེ་སོགས་དངུལ་རྩའི་ཞབས་ཞུའི་དགོས་མཁོར་འགན་ལེན་བྱས་ཡོད། ཞིང་ལས་དངུལ་ཁང་སྐྱིད་གྲོང་འགག་སྒོའི་ཉིང་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་གསོག་འབོར་ཚོང་མགྲོན་ལ་དངུལ་བུན་ནར་འགྱངས་638གཉེར་བ་དང་འབྲེལ་ཡོད་དངུལ་འབོར་སྒོར་དུང་ཕྱུར་1.14ཟིན་ཡོད་པ་རེད།
(ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན)
འབྲེལ་ཡོད་གསར་འགྱུར།