དབུ་ཤོག
  • སྐར་མ་རྀ་ཥི་ཤར་འདུག ཆུ་བརྒལ་བར་ཕེབས་ཤོག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-09

    སྐར་མ་རྀ་ཥི་ནི་མི་རྣམས་ཁྲུས་བྱེད་པའི་དུས་སྟོན་ཞིག་ཡིན་ཞིང་། དེའི་རིང་ཁྲུས་བྱས་ན་ནད་རིགས་སྔོན་འགོག་དང་ལུས་ཁམས་བདེ་ཐང་ཡོང་བ་སོགས་ཀྱི་ཕན་ཡོན་ཡོད་པས་ཆབ་ཞུགས་དུས་ཆེན་ཡང་ཟེར་གྱི་ཡོད། རྩིས་གཞུང་ལས། སྐར་མ་རྀ་ཥི་འཆར་བའི་ཉིན་དེ་ནས་བཟུང་། ཞག་བདུན་རིང་ཆུ་བོ་ཡན་ལག་བརྒྱད་ལྡན་བདུད་རྩིར་གྱུར་བས་སྨན་དཔྱད་དང་ཁྲུས་ལ་ཞུགས་ན་དགེ་ཞེས་བསྟན་པ་ཇི་བཞིན། སྐར་མ་རྀ་ཥི་འཆར་བའི་དུས་སུ། མི་རྣམས་ཀྱིས་སྟོན་ཆུ་བརྒལ་བའི་དུས་ཚོད་ཡག་ཤོས་ལ་བརྩིས་ནས། རོ་བཅུད་ལྡན་པའི་ཟས་རིགས་གྲ་སྒྲིག་བྱས་ཏེ། དགའ་ཉེ་བློ་དཀར་དང་མཉམ་དུ་ཆུ་ཚན་ལ་འགྲོ་བ་དང་། དེ་མིན་མང་ཆེ་བས་ཡུལ་ལུང་སོ་སོའི་གཙང་པོ་དང་ཆུ་བོ་ཁག་ལ་ཁྲུས་བྱེད་པ། མལ་གདན་དང་གྱོན་ཆས་བཀྲུ་བ་སོགས་བྱེད་ཀྱི་ཡོད། དེ་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་འཚོ་བའི་གོམས་གཤིས་ཤིག་རེད། རང་རེའི་མེས་པོ་རྣམས་ཀྱི་བཤད་སྲོལ་ལ། སྐར་མ་རྀ་ཥི་འཆར་རིང་ཆུ་བརྒལ་ན་ནད་རིགས་སྔོན་འགོག་དང་ལུས་གྲིབ་དག་པའི་ནུས་པ་ཡོད་པས། གོམས་གཤིས་འདི་ད་བར་དུ་མ་ཉམས་རྒྱུན་འཛིན་བྱུང་བ་དང་། སྐར་མ་རྀ་ཥི་ཡི་རིང་བོད་རིགས་མང་ཚོགས་ཀྱིས་ཆབ་ཞུགས་ལ་དང་དོད་ཆེན་པོ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།