དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས་འབྲུབ་དུས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-09

    ཉེ་དུས་རྒྱུན་མཐུད་དྲག་ཆར་བབས་པའི་གནམ་གཤིས་ལ་དམིགས་ནས། ཆབ་མདོ་གྲོང་ཁྱེར་གྱིས་རི་བོ་མཐོ་ལ་གྲོག་རོང་གཡང་གཟར་དང་། ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་བ། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེའི་མངོན་མེད་རྐྱེན་ངན་མངོན་གསལ་དོད་པའི་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ། ས་ཁོངས་ཧྲིལ་པོའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་པ་རེད།

    འབྲུབ་ཆུ་རྒྱས་པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་ཆར་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་། གྲོས་མོལ་ཞིབ་འཇུག ལས་གནས་བརྟན་སྲུང་བཅས་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། དམིགས་བསལ་གནམ་ངན་གྱི་ཉེན་ཁ་སྔོན་དཔག་དང་ཉེན་ཟོན་སྔོན་བརྡ་ཡག་པོ་གཏོང་བ། ཆར་ཆུ་འབབ་ཚད་དང་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་སྔ་སྣུར་དུ་ཁྱབ་བསྒྲགས། ཉེན་ཟོན་སྔོན་བརྡའི་ཁ་པར་བརྒྱབ་ན་ལེན་མཁན་ཡོད་པའི་གདུབ་ཟུམ་ལམ་སྲོལ་དོན་འཁྱོལ་ནན་པོ། ཐབས་ལམ་མང་པོ་ནས་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་དང་ཉེན་ཁའི་དྲན་སྐུལ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགོག་སྲུང་འཛིང་རགས་དང་པོའི་ནུས་པ་གང་ལེགས་བཏོན་ཡོད།

    ཆབ་མདོ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱིས་མི་ཐབས་དང་ལག་རྩལ་ལ་བརྟེན་ནས་སྔོན་འགོག་ཚོད་འཛིན་གྱི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ཞིང་། ས་གཤིས་གནོད་འཚེའི་ཉེན་ཁའི་སྔོན་བརྡའི་ལས་སྟེགས་དང་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་སྒྲིག་ཆས་ལ་བརྟེན་ནས། གྲོང་ཁྱེར་ཡོངས་ཀྱི་མཉམ་དཔྱད་མཉམ་འགོག་པ་3214དང་མཉམ་འགུལ་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་བྱས་པ་རེད། མིག་སྔའི་བར་རིམ་རྩིས་བརྒྱབ་ན། ས་གཤིས་གནོད་འཚེའི་གནམ་གཤིས་ཀྱི་ཉེན་ཁའི་སྔོན་བརྡ་ཐེངས་70ལྷག་ཙམ་ཁྱབ་བསྒྲགས་དང་བརྒྱུད་སྤེལ་བྱས་ཡོད། དཔའ་ཤོད་དང་། སྟེང་ཆེན། དཔལ་འབར་སོགས་རྫོང་གི་འཁྱགས་མཚོ་གཅིག་སྡུད་ས་ཁོངས་ལ་གཙོ་གནད་ཐོག་དམིགས་ནས་ཆེད་དོན་བཀོད་གཏོང་དང་གྲལ་བཤེར་བྱེད་པ་དང་འཁྱགས་མཚོ་དང་དེ་བཞིན་སྨད་རྒྱུད་ཀྱི་གྲོག་རོང་གི་ཉེན་ཁར་དམ་པོར་དམིགས་ནས། རགས་ཁ་ཤོར་ཏེ་ཞོར་ཐོན་གནོད་འཚེ་མ་ཐོན་སྔོན་འགོག་ནན་པོ་བྱས་ཏེ་ས་ཁོངས་ཧྲིལ་པོའི་ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་ཚགས་དམ་དུ་བཏང་ཡོད།

    འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་ལེགས་སུ་དང་རིམ་སྤོར་བྱས་ཏེ། 《བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཐོལ་བྱུང་དོན་རྐྱེན་གྱི་སྤྱིའི་འཕྲལ་སྡོམ་སྔོན་ཇུས》བཀྲམ་པ་རེད། མིག་སྔར། ཆབ་མདོ་གྲོང་ཁྱེར་གྱིས་རིགས་ཁག་གི་འཕྲལ་སྡོམ་ནང་སྦྱོང་ཐེངས་116བྱས་པར་མི་ཐེངས་ཁྲི་1.8ཞུགས་ཡོད། དེ་དང་ཆབས་ཅིག རི་མཐོ་གཡང་གཟར་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། སློབ་གྲྭ་འབྲིང་ཆུང་། གྲོང་མིའི་ཁུལ་སོགས་གཙོ་གནད་ས་ཁོངས་ལ་དམིགས་ནས་ས་གཤིས་ཀྱི་མངོན་མེད་རྐྱེན་ངན་ལ་རྒྱུན་རྣམ་ཅན་གྱི་ཆེད་དོན་གྲལ་བཤེར་དང་། འཁྱགས་རོམ་དང་འཁྱགས་མཚོའི་ས་གཤིས་གནོད་འཚེའི་ཉེན་ཁར་དཔྱད་དཔོག་དང་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་བས། མངོན་མེད་རྐྱེན་ངན་སྐབས་བསྟུན་གཙང་བཟོ་དང་ཉེན་ཁ་བརྒྱུད་རིམ་ཧྲིལ་པོར་ཚོད་འཛིན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།