དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབྱུང་འགྱུར་ཐོན་ལས་དང་། གསར་དར་ཐོན་ལས། སྲོལ་རྒྱུན་ཐོན་ལས་ཕྱར་བ་གྲུ་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ​འདི་ག་ཚགས་པར་གྱི་གསར་འགོད་པ། ཧན་ཤིན།   |     སྤེལ་དུས།  2026-09-09

    འབྱུང་འགྱུར་ཐོན་ལས་དེ་ཡུན་རིང་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད།

    ཟླ་7ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག“ལག་རྩལ་གསར་ཤོས་ཚད་བརྒལ་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གསར་དར་གཙོ་རྟེན་ཐོན་ལས་གཏོད་པར་ཤུགས་སྣོན་བརྒྱབ་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    དུས་རབས་གསར་པ་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་གཏིང་ཟབ་ཆུད་པར་གནང་ཞིང་། “ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དང་དངོས་ཚན་དཔལ་འབྱོར་གྱིས་རྨང་གཞིར་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། འབྱུང་འགྱུར་ཐོན་ལས་སྔ་སྣུར་བཀོད་སྒྲིག་བྱེད་པ་བཅས་དུས་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས”ཞེས་ནན་བཤད་གནང་ནས་རང་རྒྱལ་གྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་གང་མགྱོགས་བསྐྱོད་ཐུབ་པར་ཁྲིད་སྟོན་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྱུང་འགྱུར་གྱི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དེ་ང་ཚོས་ཚན་རྩལ་དང་ཐོན་ལས་ཀྱི་མཐོ་ས་བརྟན་པོར་བཟུང་བ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད”ཅེས་བསྟན་གནང་ཡོད།

    པེ་ཅིང་གི་དབྱི་ཀྲོང་ནི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཀྱི“ཞིང་ས་གཤིན་པོ”རེད། ད་ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་རྟོག་ཞིབ་གནང་བར་ཕེབས་སྐབས“རང་རེའི་རྒྱལ་ཁབ་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དོན་ཆེན་སྒྲུབ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཐུན་རྐྱེན་སྣ་ཚོགས་གཅིག་སྡུད་ཀྱིས་འགག་སྒྲོལ་བྱེད་དགོས”ཞེས་བཀའ་མངགས་གནང་ཡོད།

    ད་ལོའི་ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི“ཚོགས་པ་དང་ཚོགས་ཆུང་དུ་ཕེབས་པའི”སྐབས་སུ“སྲོལ་རྒྱུན་ཐོན་ལས་ལེགས་འགྱུར་དང་རིམ་སྤོར་བྱེད་པ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་སྔ་སྣུར་དུ་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐད་རྣམ་པ་གསར་པ་གཏོད་དགོས”ཞེས་ནན་བཤད་གནང་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་ས་གནས་སུ་རྟོག་ཞིབ་གནང་སྐབས་གནད་སྨིན་བརྟག་ཞིབ་ནས་ཚོགས་འདུ་གཉིས་ཀྱི“ཚོགས་པ་དང་ཚོགས་ཆུང་དུ་ཕེབས་པའི”སྐབས་སུ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་གནང་བའི་བར་གྱི་ཡུལ་དུས་གལ་ཆེན་མང་པོ་ནས“ཚན་རྩལ་དང་ཐོན་ལས་ཀྱི་མཐོ་ས་མགྱོགས་མྱུར་བཟུང་དགོས་པའི”བརྡ་རྟགས་གསལ་པོར་མཚོན་པ་དང“བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ་དང་ཐབས་ཇུས་གནད་སྨིན་བྱུང་རྗེས་བྱ་སྤྱོད་སྤེལ་བའི”འཐབ་ཇུས་ཀྱི་རང་འགུལ་འབུར་དུ་མངོན་ཡོད།

    “སྔོན་ལ་བྱ་སྤྱོད་ཡག་པོ་སྤེལ་བ”དང“རང་འགུལ་དམག་འཐབ”ཡག་པོ་བརྒྱབ་པས། ལོ་མང་པོའི་གོང་གི“འབྱུང་འགྱུར་ལ་རྨང་གཞི་བཏིང་པར”གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། ནུས་རྒྱུའི“ལྟོ་ཕོར”བརྟན་པོར་བཟུང་ཞིང་། འོད་ཤུགས་གློག་གཏོང་སྒྲིག་ཆས་ནས་གློག་གཏོང་ཚད་རྡོ་སོལ་གྱི་གློག་ལས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བརྒལ་བ་དང་། ཀྲུང་གོའི་ནུས་གསར་རླངས་འཁོར་བཟོ་ཚོང་བྱེད་ཚད་ལོ་11བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེ་གྲས་དང་མི་དབྱིབས་འཕྲུལ་མི་སོགས་ཚན་རྩལ་གསར་ཤོས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོན་ཏེ། ཁྱབ་ཁོངས་དེ་བས་མང་པོར་ལག་རྩལ་འདྲ་མཉམ་དང་ཡང་ན་མདུན་གྲལ་དུ་སླེབས་ཡོད།

    རྩ་བ་བརྟན་པོར་ཚུགས་པར་བྱས་ནས“དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་སྐྲུན་བྱས”

    དེང་རབས་ཅན་གྱི་ཐོན་ལས་མ་ལག་ནི་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་དངོས་པོའི་ལག་རྩལ་གྱི་རྨང་གཞི་རེད་ལ། དེ་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྗེས་རང་བརྟེན་ཚོད་འཛིན་དང་། བདེ་འཇགས་བློས་འཁེལ། འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཇི་ལྟར་གཏོད་དགོས་སམ།

    2024ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་སྐབས“སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་ཐུན་མོང་འཕེལ་རྒྱས་གཏོང་བ་བཅས་མཐའ་འཁྱོངས་བྱེད་དགོས་པའི”ཐུགས་རེ་ཟབ་མོ་གནང་ཡོད།

    ད་ལོའི་ཟླ་1པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བཞི་པ་གཙོ་སྐྱོང་གནང་སྐབས“སྲོལ་རྒྱུན་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བྱུང་ན། འབྱུང་འགྱུར་ཐོན་ལས་དང་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བར་སྙུགས་ཤེད་ཡོང་སྲིད”ཅེས་མཛུབ་སྟོན་སྔར་ལས་ལྷག་པ་གནང་ཡོད།

    ཁྱད་དུ་འཕགས་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་གིས་ས་གནས་ཁག་གིས་རྒྱུན་འཁྱོངས་ལྷོད་མེད་ངང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བར་སྣེ་ཁྲིད་གནང་བས། “རྒྱལ་ཁབ་སྐྱོང་བའི་རྩ་བ་དང་རྒྱལ་སྟོབས་འཕེལ་བའི་རྨང་གཞི”ཇེ་བརྟན་དུ་སོང་བ་སྟེ།

    “ཐོན་ལས་ཀྱི་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ལ་སྐུལ་འདེད”བཏང་ནས། ངར་ལྕགས་དང་གྲུ་བཟོ་སོགས་སྲོལ་རྒྱུན་ཐོན་ལས་ནས་ཉིན་བཞིན་གསོན་ཤུགས་གསར་པ་མངོན་ཞིང་། “འབྱུང་འགྱུར་ཚན་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་སར་དམ་པོར་དམིགས་པ”དང“ཐོན་གསར་གསུམ”མུ་མཐུད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ལ། མི་ཐབས་རིག་ནུས་དང་། འཕྲུལ་མི། སྐྱེ་དངོས་སྨན་རྫས་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།

    གཞི་གཅིག་ཏུ་བཀོད་སྒྲིག་དང་མཐུན་སྦྱོར་མཉམ་སྤེལ་བྱས་ཤིང་། གསར་རྙིང་བརྗེ་སྒྱུར་ཁྲོད་དུ་སྒུལ་ནུས་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་སྟེ། ད་ལོའི་ལོ་སྟོད་དུ་རྩེར་སོན་བཟོ་སྐྲུན་དང་། གྲངས་འཛིན་དཔལ་འབྱོར། དེང་རབས་ཞབས་ཞུ་བཅས་ཀྱིས་ཚབ་མཚོན་དུ་བྱས་པའི་སྒུལ་ནུས་གསར་པས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་བཞི་ལྷག་ཙམ་ཟིན་ནས། ཀྲུང་གོ་འདི་ཉིད“གསར་གཏོད་ནུས་པ་ཆེ་རུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ཡོད”

    བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས“དགོས་མཁོ་དང་ཡོང་སྲིད་པ་གཉིས་གཅིག་གྱུར་བྱེད་དགོས”

    འགོ་འཛུགས་ས་གསར་པར་གཞི་ཚུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོས“ཐོན་ལས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འབྱུང་འགྱུར་ཐོན་ལས་དང་། གསར་དར་ཐོན་ལས། སྲོལ་རྒྱུན་ཐོན་ལས་ཕྱར་བ་གྲུ་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་བསྟན་གནང་ཡོད།

    ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་རིམ་པ་མང་བའི་ཁྱབ་ཆེའི་བྱ་གཞག་ཅིག་ཡིན་པས། ཕྱར་བ་གྲུ་འདེགས་དང་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་དགོས།

    པེ་ཅིང་དུ“འཛམ་གླིང་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་འགོ་འཛུགས་ས་གཏོད་དགོས”ཞེས་ལྕག་སྐུལ་གནང་བ་དང་། ཧྲང་ཧའེ་རུ“མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་གི་ཕྱོགས་གང་ཅིའི་ཐད་མདུན་གྲལ་དུ་སླེབས་རྒྱུའི་བརྩོན་ལེན་བྱེད་དགོས་པའི”ཐུགས་རེ་གནང་བ། ཀོང་ཏུང་དུ“རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས་པའི”བླང་བྱ་བཏོན་གནང་བ་སོགས། མངགས་བཅོལ་ཟབ་མོ་དག་དངོས་སྒྲུབ་ཀྱི་སྒུལ་ཤུགས་སུ་བསྒྱུར་ཏེ་ས་གནས་ཁག་གིས་གང་ནུས་དེ་སྒྲུབ་དང་། དགེ་མཚན་འདོན་སྤེལ། ལེགས་ཆ་གསབ་རེས། ཕན་ཚུན་སྤེལ་རེས་བཅས་བྱས་པས་ས་ཁོངས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཆགས་ཡོད།

    དངོས་སྒྲུབ་ཡར་འཕེལ་ཡོང་བར་བྱས་པས་ཐོན་ལས་སྐྱོན་བྲལ་ངང་འཚར་ལོངས་བྱུང་བ་སྟེ། 2025ལོར་མི་ཐབས་རིག་ནུས་ཀྱི་ལྟེ་བའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.2ལས་བརྒལ་བ་དང་།“‘ཀྲུང་གོའི་རིག་སྐྲུན’ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བཀྲག་མདངས་འཚེར་བའི་མིང་བྱང་གཞན་ཞིག་ཏུ་གྱུར་ཡོད”

    ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག དངོས་འཛིན་དངོས་སྒྲུབ་བཅས་བྱེད་པ་དང་། “འབྱུང་འགྱུར་ཐོན་ལས་དང་། སྲོལ་རྒྱུན་ཐོན་ལས། གསར་དར་ཐོན་ལས་ཕན་ཚུན་གཅིག་རམ་གཅིག་འདེགས་དང་ཕན་ཚུན་སྐུལ་འདེད”བཏང་ནས། ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོས“དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་ཟམ་མི་ཆད་པར་གཏོད་ངེས”རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།