དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐུགས་ཁུར། དྲོ་སྐྱིད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-09-08










    སྐྱིད་གྲོང་དུ་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། ཟླ་8ཚེས་27ཉིན་ས་ལེ་ཤང་གི་ལ་བི་དང་། སེར་ཆུང་། ཀོ་པ་བཅས་གྲོང་ཚོ་གསུམ་གྱི་མང་ཚོགས་327བདེ་འཇགས་ཁུལ་ཏེ་གྱེས་ཕུག་གྲོང་ཚོ་དང་གནས་མཆོག་གསོལ་མགྲོན་ཁང་སོགས་སུ་ཉེན་གཡོལ་བྱེད་པར་འཁྲིད་པ་རེད།
          རིགས་གཅིག་མཁས་ཅན་གྱིས་ཚོད་སྐོར་བྱས་པ་བརྒྱུད། ས་ལེ་ཤང་གི་གྲོང་ཚོ་གསུམ་ལ་སྤྱིར་ན་ཆུ་རུད་ཀྱི་ཉེན་ཁ་མེད་ཅིང་། གྱེས་ཕུག་གྲོང་ཚོར་བཀོད་སྒྲིག་བྱས་པའི་མང་ཚོགས་དེ་རིང་བདེ་འཇགས་ངང་ལ་བི་གྲོང་ཚོ་དང་སེར་ཆུང་གྲོང་ཚོར་ཕྱིར་ལོག་བྱས་པ་དང་། གནས་མཆོག་གསོལ་མགྲོན་ཁང་དུ་བཀོད་སྒྲིག་བྱས་པའི་ཀོ་པ་གྲོང་ཚོའི་མང་ཚོགས་ཀོ་པ་གྲོང་ཚོར་ཕྱིར་ལོག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།