དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོས་ནེ་པ་ལར་ཕྱོགས་མང་པོ་ནས་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-08

    ཟླ་9ཚེས་6ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྐྱིད་གྲོང་རྫོང་གི“8•26”ཆུ་རུད་ཀྱི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུས་འཚོགས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་ངོ་འཕྲད་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། སྐྱིད་གྲོང་གི“8•26”ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས་ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལའི་མཐའ་མཚམས་མི་སེར་1720ཡི་འཚོ་བར་འགན་ལེན་ཡག་པོ་བྱས་པ་དང་ཆབས་ཅིག རྒྱལ་མཚམས་འཛུལ་གྲོལ་གྱི་ཤར་སྐྱོད་བགྲོད་ལམ་བཏོད་དེ་རྒྱལ་ཁབ་ཏུ་ལོག་འདོད་ཡོད་པའི་ནེ་པ་ལའི་མཐའ་མཚམས་མི་སེར་365ལ་རྒྱལ་མཚམས་སྒྲོལ་རོགས་བྱས་པ་དང་། ནེ་པ་ལའི་འཁོར་རིགས་279དང་དངོས་ཟོག་རླངས་འཁོར་103བདེ་འཇགས་ངང་རྒྱལ་མཚམས་ལས་བསྒྲལ་བ་རེད།




    དེ་དང་ཆབས་ཅིག ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ནེའི་གནོད་འཚེ་སྔོན་འགོག་གི་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་ལམ་སྲོལ་བརྒྱུད་ནས་ཉིན་ལྟར་ནེ་པ་ལ་ཕྱོགས་ལ་གནམ་གཤིས་དང་། ཆུ་དཔྱད། འཁྱགས་མཚོ་དང་འཁྱགས་རོམ་སོགས་ཀྱི་ཆ་འཕྲིན་བརྡ་ཁྱབ་གཏོང་གི་ཡོད། ནེ་པ་ལ་ཕྱོགས་ཀྱི་རེ་བ་ལྟར་ཀྲུང་གོ་སྲིད་གཞུང་གིས་ནེ་པ་ལར་ཕུག་ལམ་གྱི་རོགས་སྐྱོབ་དང་DNAཞིབ་དཔྱད་སོགས་ཀྱི་རིགས་གཅིག་མཁས་ཅན་བཏང་བ་དང་འབྲེལ་དགོས་མཁོ་ཆེ་བའི་དངོས་ཟོག་རོགས་སྐྱོར་བྱས་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ནེ་པ་ལར་པེ་ལེ་ཟམ་པའི་ལྷུ་ལག་ཏུན་320སོགས་གེགས་སེལ་དངོས་ཟོག་རོགས་སྐྱོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།