ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་མཁན་སྐུ་མགྲོན་ཚོས་ཀོང་ཏུང་གི་ས་གནས་མང་པོར་བཅར་འདྲི་བྱས་པ།

ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་ཟླ་9ཚེས་5ཉིན་ཀོང་ཏུང་ཧྲེན་ཀྲེན་དུ་འགོ་ཚུགས་ཤིང་། གླེང་སྟེགས་ཀྱིས“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཐུན་མོང་ཚོགས་པ་དར་འཕེལ་གྱི་ལམ་བུ་མཉམ་དུ་བཏོད། སྨྱན་སྦྱོར་གྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད”བརྗོད་དོན་གཙོ་བོར་བྱས་ནས་གྲུབ་འབྲས་མང་པོ་ཞིག་གཏོད་རྒྱུ་རེད། མིག་སྔར། ཚོགས་ཞུགས་སྐུ་མགྲོན་ཚོས་ཀོང་ཀྲོའུ་དང་། ཧྥུའོ་ཧྲན། ཏུང་ཀོན། ཧྲེན་ཀྲེན། ཀྲུའུ་ཧའེ། ཀྲུང་ཧྲན་སོགས་ས་ཆ་མང་པོར་བཅར་འདྲི་བྱེད་བཞིན་ཡོད་པ་རེད།
འདི་ནི་ཟླ་9ཚེས་4ཉིན། ཚོགས་ཞུགས་སྐུ་མགྲོན་ཚོས་ཧྲེན་ཀྲེན་པི་ཡ་ཏི་གོ་ལ་ཧྲིལ་པོའི་སྤྱི་ཁྱབ་པུའུ་ཡི་འགྲེམས་ཁང་ནང་པི་ཡ་ཏི་རྟགས་ཅན་གྱི་རླངས་འཁོར་ལ་ཉམས་ལེན་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།