དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་སྐུ་མགྲོན་གྱིས་ཀོང་ཀྲོའུ་དང་ཧྥུའོ་ཧྲན་དུ་ལྟ་སྐོར་འཚམས་འདྲི་བྱས་པ།

    “ཀྲུང་གོའི་རིག་ནུས་བཟོ་སྐྲུན་གྱི་སྒུལ་ནུས་ཆེས་ཆེར་འཕེལ་ནས་གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཡུན་ན། མི་དམངས་དྲ་བའི་གསར་འགོད་པ། ཝང་ཡ་ཏེས།   |     སྤེལ་དུས།  2026-09-08

    ཟླ་9ཚེས་3དང་4ཉིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་སྐུ་མགྲོན་ཁག་གཅིག་ཀོང་ཀྲོའུ་དང་ཧྥུའོ་ཧྲན་དུ་བསྐྱོད་ཅིང་། ཁོང་ཚོས་ས་འོག་འཁོར་ལམ་དང་། རང་འགུལ་ཅན་གྱི་གྲུ་ཁ། རིག་ནུས་བཟོ་སྐྲུན་བཟོ་གྲྭ་བཅས་སུ་བསྐྱོད་དེ་ཐག་ཉེ་ས་ནས་གསར་གཏོད་ཀྱི་སྒུལ་ཤུགས་དང་སྒོ་དབྱེ་མདུན་སྐྱོད་ཀྱི་འཕེལ་ཤུགས་ཆེན་པོར་མྱོང་རོལ་བྱས་པ་རེད།

    “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ལྗང་མདོག་གྲུ་ཁ”སྟེ་ཀོང་ཀྲོའུ་གྲུ་ཁའི་ནན་ཧྲ་གྲུ་ཁུལ་གྱི་དུས་ཐེངས་བཞི་པའི་རང་འགུལ་ཅན་གྱི་གྲུ་ཁར་སླེབས་སྐབས། ཁ་ལོ་བ་མེད་པའི་རིག་ནུས་སྣེ་ཁྲིད་རླངས་འཁོར་གོ་རིམ་ལྡན་པའི་ངང་འགྲོ་འོང་དང་། ཐག་རིང་རྒྱ་མཚོ་ཆེན་པོའི་གྲུ་གཟིངས་གྲུ་ཁར་ཁ་བཀག་ནས་དངོས་ཟོག་འདོན་འཇུག་བྱེད་བཞིན་ཡོད། མིག་མདུན་གྱི་རྣམ་པར་མར་ཏི་ཝེའི་སྤྱི་པའི་ཞབས་ཞུའི་སྨྱན་སྦྱོར་གྱི་ཀྲུའུ་ཞི་ཨ་སྨི་ན་ཐེ་·ན་མུའུ་ཀྲ་ཧང་སངས་ཤིང་། “ཀོང་ཀྲོའུ་ནི་གོ་ལ་ཧྲིལ་པོའི་ཚོང་དོན་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་ཡག་ཤོས་ཤིག་རེད། ཚོང་དོན་འགྲོ་འོང་ལས་ཕྱོགས་མང་པོར་ཕན་པ་ཐོབ་པ་དང་མཐར་ཐུག་གི་དམིགས་ཡུལ་ནི་མི་དམངས་ལ་དེ་བས་ལེགས་པའི་འཚོ་བ་གཏོད་ཐུབ་ཆེད་རེད”ཅེས་བཤད།

    མེ་ཏི་ཝེ་པོ་ཚ་ཐབ་ཧྲུན་ཏེ་བཟོ་ལས་གླིང་དུ། སྤྱོད་གོ་ཆོད་པའི་ཇུས་འགོད་ལས་ཧན་གོའི་ཨེ་ཤེ་ཡའི་གསར་འགྱུར་ཚོགས་པ《ཨེ་ཤེ་ཡའི་ཉིན་རེའི་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཝང་ཧའེ་ན་ཧང་སངས་ཤིང་། ཁོང་གིས“ཝེ་པོ་ཚ་ཐབ་གཅིག་ནས་གཡོས་སྦྱོར་གྱི་ལས་རིམ་སྟབས་བདེ་རུ་ཕྱིན་པ་དེ་ཐོག་ནས་ཀྲུང་གོའི་རིག་ནུས་བཟོ་སྐྲུན་གྱིས་མཛེས་སྡུག་ལྡན་པའི་འཚོ་བར་མཐུན་རྐྱེན་སྦྱོར་བའི་སྟོབས་ཤུགས་དངོས་མངོན་ཡོད། ཕྱི་རྒྱལ་བ་དེ་བས་མང་བ་ཀྲུང་གོར་ལྟ་སྐོར་དུ་ཡོང་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    “ད་ཐེངས་ས་ཡུལ་དངོས་སུ་འཚམས་འདྲིར་བསྐྱོད་པ་བརྒྱུད་ངས་ཀྲུང་གོའི་གསར་དར་ཐོན་ལས་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་དངོས་མཐོང་བྱུང་ལ། རྒྱལ་སྒྲོལ་སྨྱན་སྦྱོར་མཉམ་ལས་ཀྱི་རིན་ཐང་དེ་བས་མྱོང་ཚོར་ཟབ་མོ་བྱུང་། སྤེལ་རེས་བརྒྱུད་ང་ཚོས་འགལ་ཟླ་བསལ་ནས་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་ཐུབ”ཅེས་ཧྥི་ལི་ཕིན་ཧྥེ་ལུང་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨའོ་ཀྲི་ཡིས་བརྗོད།

    ཟླ་9ཚེས་3ཉིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་ཀོང་ཀྲོའུ་ཡན་ལག་གླེང་སྟེགས་འགོ་ཚུགས་ཤིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་དངོས་ཚན་གྱི་སྲིད་གཞུང་སྡེ་ཚན་དང་། གཙོ་རྒྱུན་སྨྱན་སྦྱོར། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་མཁས་ཅན་གྱི་འཐུས་མི་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས“སྒོ་དབྱེ་དང་། གསར་གཏོད། མཉམ་ལས་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པའི”བརྗོད་དོན་གཙོ་བོར་གཞིགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཕེལ་རྒྱས། ཀོང་ཀྲོའུ་ཡི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་གསོན་ཉམས་དོད་པའི་ལག་ལེན་བཅས་ལ་དམིགས་ནས་གླེང་མོལ་ཟབ་མོ་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།