བོད་ལྗོངས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་འབྲེལ་ཡོད་ཕྱོགས་ཁག་གིས་ཞོར་ཐོན་གནོད་འཚེའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བ།
གསར་འགོད་པར་སྐྱིད་གྲོང་གི་ཆུ་རུད་ཀྱི་གནོད་འཚེའི་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། སྐྱིད་གྲོང་འགག་སྒོར་སྐྱོད་སའི་ཉེན་སེལ་རོགས་སྐྱོབ་ཀྱི་བགྲོད་ལམ་ཤར་གཏོང་ཐུབ་རྗེས། འབྲེལ་ཡོད་ཕྱོགས་ཁག་གིས་སྐྱིད་གྲོང་འགག་སྒོའི་འཚོལ་སྐྱོབ་བྱ་ཡུལ་དང་། དེ་བཞིན་རྒྱལ་ལམ་216གི་རོགས་སྐྱོབ་བགྲོད་ལམ་གྱི་ཞོར་ཐོན་གནོད་འཚེའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བར་གཙོ་གནད་ཤུགས་སྣོན་བརྒྱབ་སྟེ་རོགས་སྐྱོབ་བྱ་སྤྱོད་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཤིང་། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་18བར། གནོད་འཚེས་རྐྱེན་པས་མི་43རྐྱེན་ལམ་དུ་ཤོར་བ་དང་། མི་519དང་འབྲེལ་བ་ཆད་པ། གཤིན་རྫས་993རྙེད་ཡོད་པ་རེད།
ཟླ་9ཚེས་2ཉིན་གྱི་ཆུ་ཚོད་16བར། གནམ་གཤིས་དང་། རང་བྱུང་ཐོན་ཁུངས། ཆུ་བེད། འཕྲལ་སྡོམ་དོ་དམ་བཅས་དང་། དེ་བཞིན་ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བདེ་འཇགས་ཐོན་སྐྱེད་ཚན་རིག་ཞིབ་འཇུག་ཁང་སོགས་ཚན་པའི་རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣ་ཁྱོན་172ཀྱིས་རོགས་སྐྱོབ་ཉེན་སེལ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྣ་ཚོགས་150ཁྱེར་ནས་ས་ཡུལ་དངོས་སུ་ལས་དོན་སྤེལ་ཡོད་པ་རེད།
ཟླ་9ཚེས་2ཉིན་བར། རིགས་གཅིག་མཁས་ཅན་ཚོགས་པས་རིམ་རྩིས་བརྒྱབ་ན་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁག་112ལ་གྲལ་བཤེར་དང་སྐོར་ཞིབ་བྱས་ཤིང་། རྒྱལ་ལམ་216གི་རོགས་སྐྱོབ་བགྲོད་ལམ་ལ་དམིགས་ནས་ཆེད་དོན་གྲལ་བཤེར་བྱས་པ་བརྒྱུད་ཉེན་ཁ་ཆེ་ས་7དང་། ཉེན་ཁ་ཅུང་ཆེ་ས་39 ཉེན་ཁ་ཆུང་ས་12བཅས་ཀྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁག་58ཤེས་རྟོགས་བྱུང་བ་རེད།
འབྲེལ་ཡོད་གསར་འགྱུར།