དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཀྲུང་གོའི་ཤིན་ཅང་ས་ཁུལ་གྱི་ལོ་རྒྱུས》དང《ཀྲུང་གོའི་ཤིན་ཅང་ས་ཁུལ་གྱི་ཆོས་ལུགས་ལོ་རྒྱུས》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-08

     ཚེས་2ཉིན། 《ཀྲུང་གོའི་ཤིན་ཅང་ས་ཁུལ་གྱི་ལོ་རྒྱུས》དང《ཀྲུང་གོའི་ཤིན་ཅང་ས་ཁུལ་གྱི་ཆོས་ལུགས་ལོ་རྒྱུས》པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 《ཀྲུང་གོའི་ཤིན་ཅང་ས་ཁུལ་གྱི་ལོ་རྒྱུས》དང《ཀྲུང་གོའི་ཤིན་ཅང་ས་ཁུལ་གྱི་ཆོས་ལུགས་ལོ་རྒྱུས》ནང་། ལོ་རྒྱུས་དངོས་གཙོ་རིང་ལུགས་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་མཐའ་འཁྱོངས། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞི་དང་། གཏིང་ཟབ་པའི་གནས་ལུགས། བབ་ཆགས་པའི་རྩོམ་སྲོལ་བཅས་ལ་བརྟེན་ནས་གཅིག་གྱུར་ཆེ་མོའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་འོག་གི་ཤིན་ཅང་དར་རྒྱས་གོང་འཕེལ་གྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་དང་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་མཉམ་གནས་ཀྱི་རྣམ་པར་འགྱུར་ལྡོག་འགྲོ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བརྒྱུད་རིམ་ལྡན་པའི་ངང་མངོན་པ་དང་། “སྔོན་ཆད་ཀྱི་ཤིན་ཅང”ནས“དེང་གི་ཤིན་ཅང”བར་གྱི་འཕེལ་རྒྱས་དང་འཕོ་འགྱུར་གསོན་ཉམས་དོད་པོས་བརྗོད་པ། ཀྲུང་གོ་གུང་ཁྲན་ཏང་གིས་ཤིན་ཅང་བཅོས་སྐྱོང་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གཏིང་ཟབ་མངོན་པ། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་ཐབས་ཇུས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཕྱོགས་ཡོངས་ནས་མངོན་པ་བཅས་བྱས་ནས། འཛམ་གླིང་གིས“ཀྲུང་གོ་ཞེས་པ་གང་འདྲ་ཞིག་ཡིན་པ”དང“ཤིན་ཅང་ཞེས་པ་གང་འདྲ་ཞིག་ཡིན་པའི”ལོ་རྒྱུས་ཀྱི་གཏན་ཚིགས་ལ་སྔར་བས་ཤེས་རྟོགས་དང་རྒྱུས་ལོན་ཐུབ་པར་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།