འཕྲལ་སྡོམ་དོ་དམ་པུས་ཅང་ཤིས་ཞིང་ཆེན་སུའེ་ཁྲོན་རྫོང་ཀའོ་ཕིང་གྲོང་རྡལ་གྱི་ཆུ་རུད་གནོད་འཚེའི་རོགས་སྐྱོབ་ཐག་གཅོད་ལས་དོན་བཀོད་གཏོང་བྱས་པ།
རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེ་རོགས་སྐྱོབ་དང་རྒྱལ་ཁབ་ཀྱི་ས་གཤིས་གནོད་འཚེའི་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ།
ཟླ་9ཚེས་5ཉིན། ཅང་ཤིས་ཞིང་ཆེན་སུའེ་ཁྲོན་རྫོང་ཀའོ་ཕིང་གྲོང་རྡལ་མིང་ཁེང་གྲོང་ཚོ་ཧྲི་ཤ་ཚོགས་ཆུང་ལ་ཆུ་རུད་དང་རི་ཉིལ་བའི་གནས་ཚུལ་ཐོན་པར། འཕྲལ་སྡོམ་དོ་དམ་པུས་ཉེན་སེལ་རོགས་སྐྱོབ་ལས་དོན་འཕྲལ་མར་བཀོད་གཏོང་དང་བཀོད་སྒྲིག་བྱས་ཤིང་། ཉེན་གྱར་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་། ཤི་རྨས་བྱུང་བ་དང་འབྲེལ་བ་ཆད་པའི་མི་གྲངས་ཞིབ་དཔྱད་གསལ་རྟོགས། འཕྲིན་གཏོང་འགན་སྲུང་དང་ལས་གྲྭའི་ཉེན་སེལ་སོགས་རུ་ཁག་གི་སྒྲིག་ཆས་ཐག་ཉེ་ས་ནས་མངགས་གཏོང་བྱེད་པ། རོགས་སྐྱོབ་མི་སྣ་སྒྲིག་འཛུགས་མགྱོགས་པོ་བྱས་ནས་གེགས་ཁུལ་དུ་སྐྱོད་པ། ཆུ་དཔྱད་དང་ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་དང་ཞོར་ཐོན་གནོད་འཚེ་མ་བྱུང་སྔོན་འགོག་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་རྒུད་སྐྱོབ་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་རིམ་བཞིའི་འཕྲལ་སྡོམ་དང་ལེན་དང་དེ་བཞིན་རྒྱལ་ཁབ་ས་གཤིས་གནོད་འཚེའི་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཏེ། ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་དང་། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་རོགས་སྐྱོབ་རུ་ཁག་གི་འཕྲལ་སྡོམ་རྩད་ཞིབ་རུ་ཁག་ཐུར་འཇལ་ལེ་ཏ་སོགས་སྒྲིག་ཆས་ཁྱེར་ནས་ས་གནས་ས་ཐོག་ཏུ་རོགས་སྐྱོབ་བྱེད་པར་མངགས་ཡོད། ས་གནས་དེ་གའི་མེ་གསོད་རུ་ཁག་གིས་རླངས་འཁོར་41དང་མི་224ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་པར་མངགས་པ་དང་། ཉེ་འཁོར་གྱི་འཕྲིན་གཏོང་དང་མྱུལ་ཞིབ་ཀྱི་མི་མེད་གནམ་གྲུ་ས་གནས་ས་ཐོག་ཏུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།