དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2030ལོར་སླེབས་སྐབས་མི་རེར་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་4ལྷག་ཙམ་ཟིན་པ་བྱ་རྒྱུ་ཡིན་པ།

    མི་དམངས་མང་ཚོགས་ཀྱིས་ཤེས་ཚོར་ཐུབ་པའི་ལུས་རྩལ་འགྲན་བསྡུར་གཉེར་རྒྱུ་མཐའ་འཁྱོངས་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཧྲོའོ།   |     སྤེལ་དུས།  2026-09-08

    ཟླ་9ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས། “‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་འཛུགས་དང་གོམ་པ་སྤོ་བའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    “མི་དམངས་མང་ཚོགས་ཀྱིས་ཤེས་ཚོར་ཐུབ་པའི་ལུས་རྩལ་འགྲན་བསྡུར་གཉེར་རྒྱུ་མཐའ་འཁྱོངས་བྱས་ཏེ་ལུས་རྩལ་གྱིས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས” རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན་གྱིས། 2030ལོར་སླེབས་སྐབས་མི་རེར་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་4ལྷག་ཙམ་ཟིན་པ་བྱ་རྒྱུ་དང་རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་གྱི་བསྡུར་ཚད་40%ལྷག་ཙམ་ཟིན་པ་བྱས་ཏེ། ལུས་རྩལ་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་7ལས་བརྒལ་བའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    ལུས་སྦྱོང་བྱ་ཡུལ་5000ཡན་གསར་སྐྲུན་ནམ་བསྐྱར་སྐྲུན་རྒྱས་སྐྲུན་བྱ་རྒྱུ་ཡིན་པ།

    ད་ལོའི་ཟླ་7པར། 《ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། དེ་ནི“ལུས་རྩལ་རྒྱལ་ཁབ་སྟོབས་ཆེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་ཆེད་དོན་འཆར་འགོད་ཐོག་མ་དེ་རེད། ཟླ་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི(2026ལོ་ནས་2030ལོ་བར)》པར་འགྲེམས་བྱས་པ་དེ་ནི་འབྱུང་འགྱུར་རང་རྒྱལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་གི་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་ཞིག་ཡིན་ལ་མང་ཚོགས་ཉེ་འགྲམ་དུ་བཀོད་པའི་བདེ་ཐང་གི་འཆར་གཞི་ཞིག་ཀྱང་རེད།

    རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མང་ཚོགས་ལུས་རྩལ་སིའི་སི་ཀྲང་ཁྲེན་ཤིང་ཉན་གྱིས་དུས་འཁོར་གསར་པའི་དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི་ལས“དེ་བས་གནད་སྨིན་དང་། དེ་བས་རྒྱ་ཁྱབ། དེ་བས་རིག་ལྡན། དེ་བས་མཉམ་འདྲེས། དེ་བས་ཚད་ལྡན”བཅས་ཀྱི་སྟོན་ཕྱོགས་མངོན་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། ཁྲེན་ཤིང་ཉན་གྱིས། “ལུས་སྦྱོང་བྱེད་པར་གང་དུ་འགྲོ་དགོས་མིན”གྱི་དཀའ་གནད་ལ་དམིགས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་དེ་ས་གནས་ཀྱིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ནང་བཅུག་ནས་མང་ཚོགས་ཀྱི་ལུས་རྩལ་བར་མཐོངས་ཀྱི་ཤོང་ཚད་ཆེ་རུ་གཏོང་བའི་འཆར་གཞི་ལག་ལེན་བསྟར་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལུས་རྩལ་སྤྱི་གླིང་ཆུང་གྲས(ཕྲན་ཚེགས)དང་། ལུས་སྦྱོང་ལྟེ་གནས་ཆུང་གྲས། ནུས་མང་ལུས་རྩལ་ཐང་སོགས་ཀྱི་ལུས་སྦྱོང་བྱ་ཡུལ་5000ཡན་གསར་སྐྲུན་ནམ་ཡང་ན་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པ། དེ་དང་ཆབས་ཅིག་སྤྱི་པའི་ལུས་རྩལ་ཐང་དང་ཁང་གིས་སྤྱི་ཚོགས་ལ་རིན་མེད་དམ་ཡང་ན་འགྲོ་གྲོན་དམའ་པོས་སྒོ་དབྱེ་བའི་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་སྒོ་དབྱེའི་རྣམ་པ་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་ཀྱི་ཡིན་ཞེས་བཤད།

    ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་བཏོན་ནས་རྩལ་འགྲན་ལུས་རྩལ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    ཨའེ་ཀྲེ-མིང་ཀུའུ་ཝུའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཟླ་9ཚེས་19ཉིན་འགོ་ཚུགས་རྒྱུ་རེད། ཀའོ་ཀྲི་ཏན་གྱིས། “ང་ཚོས་བསམ་པའི་དཔལ་ཡོན་དང་ལུས་རྩལ་གཉིས་ཀར་གྲུབ་འབྲས་ཐོབ་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམིགས་ནས་སྙིང་སྟོབས་ཆེར་སྐྱེད་དང་། སྙིང་རུས་ཆེན་པོས་འབད་འབུངས། གྲུབ་འབྲས་བཟང་པོ་གཏོད་པ་བཅས་བྱེད་ཀྱི་ཡིན”ཞེས་བཤད།

    རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རྩལ་འགྲན་ལུས་རྩལ་སིའི་སི་ཀྲང་ཀྲང་ཤིན་གྱིས་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་ཁྲོད་ཀྱི་ཁྲོམ་རའི་ལམ་སྲོལ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱི་ནུས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་འདོན་ཆེད། རུ་ཁག་འཛུགས་པ་དང་། འགྲན་བསྡུར་གཉེར་བ། འགྲན་བསྡུར་ནང་ཞུགས་པ་སོགས་ཐད་ཀྱི་ཚད་བཀག་རིམ་བཞིན་ལྷུག་ཏུ་གཏོང་རྒྱུ་དང་། ཁེ་ལས་དང་། མཐོ་སློབ། ལས་རིགས་མཐུན་ཚོགས། སྤྲོ་སྐྱིད་ཁང་། ཁྱིམ་ཚང་སོགས་སྣ་མང་བྱེད་པོ་རྩལ་འགྲན་ལུས་རྩལ་སྦྱོང་བརྡར་དང་འགྲན་བསྡུར་སོགས་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་པ་དང་། “ང་ཚོས་རྩལ་འགྲན་ལུས་རྩལ་གྱི་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་སྟེ། འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་གྱི་གྲངས་འབོར་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་གནས་བབ་རྒྱུན་འཁྱོངས་ཧུར་ཐག་བྱས་ནས་ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་སོགས་འཛམ་གླིང་གི་འགྲན་བསྡུར་ཆེ་མོའི་ཐོག་སླར་ཡང་ཕུལ་བྱུང་གི་གྲུབ་འབྲས་གཏོད་རྒྱུ་ཡིན”ཞེས་ཀའོ་ཀྲི་ཏན་གྱིས་བཤད།

    ད་ལོའི་ལོ་འགོ་ནས་བཟུང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ལུས་རྩལ་ཁྱབ་ཁོངས་ཀྱི“བཅོས་སྒྲིག་ཟབ་གཏོང་ལོའི”བྱ་སྤྱོད་སྤེལ་ནས། གཙོ་གནད་ཁྱབ་ཁོངས་10དང་གཙོ་གནད་ལས་དོན་ཁག་31ལ་དམིགས་ཏེ་དུས་མཚམས་ཤིག་རིང་འབད་བརྩོན་བྱས་པ་བརྒྱུད་ལུས་རྩལ་ལས་རིགས་ཀྱི་འཕེལ་རྒྱས་ལ་དེ་བས་གསོན་ཤུགས་ལྡན་པ་དང་དེ་བས་གོ་རིམ་ལྡན་པ་ཞིག་བྱུང་ཡོད། “ང་ཚོས་མུ་མཐུད་ཤུགས་བརྒྱབ་ནས་མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ལ་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལུས་རྩལ་བཅོས་སྐྱོང་གི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཏེ་སྒྲིལ་སྲོལ་ལམ་སྲོལ་དང་། ཐོན་ཁུངས་མཁོ་སྤྲོད། ལས་རིགས་ཚད་ལྡན། སྐྱེ་ཁམས་འཕེལ་རྒྱས་སོགས་ཕྱོགས་ཁག་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ། བཅོས་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་སྤོ་བར་སྐུལ་འདེད་མྱུར་པོ་གཏོང་རྒྱུ་ཡིན”ཞེས་ཀའོ་ཀྲི་ཏན་གྱིས་བཤད།

    ལུས་རྩལ་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཤོང་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་ལུས་རྩལ་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་དང་རིན་ཐང་འཕར་མ་ཅུང་མགྱོགས་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ལུས་རྩལ་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ། རིག་གནས་ལུས་རྩལ་དང་སྤྲོ་གསེང་ཞབས་ཞུའི་རིགས་ཀྱི་སིལ་ཚོང་དངུལ་འབོར་གྱི་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། ལུས་རྩལ་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ནུས་པ་འཕེལ་བ་དང་ཕྱོགས་སྒྱུར་རིམ་སྤོར་ལ་ཤུགས་སྣོན་ཐེབས་པ། ལུས་རྩལ་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་ཁེ་ལས་རྩེ་གྲ་294ཟིན་ཡོད།

    མང་ཚོགས་ལུས་རྩལ་ནང་ཞུགས་པའི་སྤྲོ་སེམས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་ལག་རྩལ་གསར་པ་རྒྱུན་ཆད་མེད་པར་རབས་བརྗེ་རིམ་འཕར་བྱུང་བས་ལུས་རྩལ་ཐོན་ལས་ལ་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་རག་ཡོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལུས་རྩལ་དཔལ་འབྱོར་སིའི་སི་ཀྲང་དབྱང་ཞུའེ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “གཉེར་བདེ་ལ་ལྟད་མོ་ཆེན་པོ”ཡོང་རྒྱུར་དམིགས་ནས་འགྲན་བསྡུར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གཏིང་ཟབ་གཞོལ་རྒྱུ་ཡིན། འགྲན་བསྡུར་གཉེར་བའི་ཞིབ་མཆན་ལས་ཕྱོད་ཆེ་རུ་གཏོང་བ་དང་། འགྲན་བསྡུར་གཉེར་བའི་ཚད་བཀག་དང་འགྲན་བསྡུར་གཉེར་བའི་མ་གནས་དམའ་རུ་གཏོང་བ། འགྲན་བསྡུར་ལྟད་མོ་ཆེ་བ་དང་མང་ཚོགས་ཞུགས་སེམས་འཕེལ་བ་དང་མྱོང་ཚོར་ཡག་པོ་ཡོང་བ་བྱ་རྒྱུ་ཡིན། སྤུས་ལེགས་འགྲན་བསྡུར་གཉེར་རྒྱ་ཆེ་རུ་བཏང་ནས་མི་སེར་གྱིས་འགྲན་བསྡུར་ལྟ་སྐབས“སྤ་སེ་རག་དཀའ་བའི”གནད་དོན་ཐག་གཅོད་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།