ཀྲུང་གོའི་ཁེ་ལས་པེར་ལིན་རྒྱལ་སྤྱིའི་གློག་རྡུལ་འགྲེམས་སྟོན་ལ་ཞུགས་པ།

འདི་ནི་ཟླ་9ཚེས་5ཉིན་མི་རྣམས་ཀྱིས་འཇར་མན་པེར་ལིན་གྱི་རྒྱལ་སྤྱིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་ཁང་དུ་སྐྱོད་བཞིན་པ།

འདི་ནི་ཟླ་9ཚེས་5ཉིན་མི་རྣམས་ཀྱིས་འཇར་མན་པེར་ལིན་གྱི་རྒྱལ་སྤྱིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་ཁང་གི་ཡུས་ཧྲུའུ་འགྲེམས་སྟེགས་སུ་འཕྲུལ་མིའི་འཛིང་རེས་ལ་ལྟ་བཞིན་པ།
2026ལོའི་འཇར་མན་པེར་ལིན་གྱི་རྒྱལ་སྤྱིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་ཟླ་9ཚེས་4ཉིན་འགོ་ཚུགས་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཉེ་བའི་ལོ་ཤས་རིང་པེར་ལིན་རྒྱལ་སྤྱིའི་འཛད་སྤྱོད་གློག་རྡུལ་འགྲེམས་སྟོན་གྱི་ངོ་མཚར་ཆེ་བའི་གྲུབ་འབྲས་རྒྱུན་མཐུད་བྱས་ཤིང་། TCLདང་། ཧའེ་ཤིན། ཧའེ་ཨར། ཏ་ཅང་། ཞའོ་སྨི་སོགས་ཁེ་ལས་ཀྱིས་ཐོན་རྫས་དང་ལག་རྩལ་གསར་ཤོས་འགྲེམས་སྟོན་བྱས་པས། སྨྱན་སྦྱོར་དང་ལྟ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
འབྲེལ་ཡོད་གསར་འགྱུར།