ཧྥུའུ་ཀྲོའུ་རུ་ཕྱི་སྦྱོང་སློབ་མས་བ་སྤུའི་མེ་ཏོག་གི་ཇའི་རིག་གནས་ཉམས་ལེན་བྱེད་པ།

2026ལོའི་ཟླ་9ཚེས་4ཉིན། ཧྥུའུ་ཀྲོའུ་ཡི་བ་སྤུའི་མེ་ཏོག་གི་ཇའི་རིག་གནས་དུས་ཆེན་སྐབས་དྲུག་པ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ཧྥུའུ་ཀྲོའུ་ཕྱི་རྒྱལ་སྐད་ཡིག་དང་ཕྱི་ཕྱོགས་ཚོང་དོན་སློབ་གླིང་གི་ཕྱི་སྦྱོང་སློབ་མས་བྱེད་སྒོ་སྤེལ་ཡུལ་དུ་ཧྥུའུ་ཀྲོའུ་ཡི་བ་སྤུའི་མེ་ཏོག་གི་ཇའི་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤེས་རྟོགས་བྱས་ཏེ། ཐད་གཏོང་བརྒྱུད་སྐད་རིགས་མང་པོ་ནས་ཕྱི་རྒྱལ་ལ་ཧྥུའུ་ཀྲོའུ་ཡི་བ་སྤུའི་མེ་ཏོག་གི་ཇ་འོས་སྦྱོར་བྱས་པས། ཕྱི་རྒྱལ་གྱི་གཞོན་ནུ་རིག་གནས་ཕོ་ཉར་གྱུར་ཏེ་ཀྲུང་ཕྱིའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་བསྐྲུན་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛམ་གླིང་ལ་ཕྱོགས་པར་རམ་འདེགས་བྱས་ཡོད།
འདི་ནི་2026ལོའི་ཟླ་9ཚེས་4ཉིན། ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་ཧྥུའུ་ཀྲོའུ་ཕྱི་རྒྱལ་སྐད་ཡིག་དང་ཕྱི་ཕྱོགས་ཚོང་དོན་སློབ་གླིང་གི་ཕྱི་སྦྱོང་སློབ་མས་བ་སྤུའི་མེ་ཏོག་གི་ཇ་བཟོ་སྟངས་ལ་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།