པར་རིས་གསར་འགྱུར།

ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་ཆི་ཅང་ཆུས་ཨན་ཝུན་སློབ་གྲྭས་དམར་དམག་རྒྱང་སྐྱོད་ཀྱི་གནས་རྙིང་དུ་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཁྲིད་ཅིང་། དམའ་འབྲིང་ལོ་རིམ་དང་པོའི་སློབ་མ་164སྒྲིག་འཛུགས་བྱས་ཏེ“ཆི་ཅང་གི་ན་གཞོན། རྒྱང་སྐྱོད་ལམ་བུར་བསྐྱར་དུ་ཆས”ཞེས་པའི་བྱེད་སྒོ་སྤེལ་བ་རེད། དགེ་སློབ་ཚོས་རྒྱང་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་པ་དང་། གསར་བརྗེའི་རྗེས་ཤུལ་ལ་ལྟ་སྐོར་བྱེད་པ། ཞིང་ནང་དུ་སྤྱི་ཕན་ངལ་རྩོལ་ལ་ཞུགས་པ་སོགས་བྱས་ནས་དམར་དམག་གི་རྗེས་ཤུལ་སྙེགས་པ་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཚོར་བར་བྱས་པ་རེད། འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཆི་ཅང་ཆུས་ཨན་ཝུན་སློབ་གྲྭའི་སློབ་མ་ཚོས་འགྲེལ་བཤད་པའི་སྣེ་ཁྲིད་འོག་སྒྲིག་གཤོམ་ཁང་ལ་ལྟ་སྐོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།