དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནང་འདྲེན་བྱས་པའི་ཀྲུང་ལུགས་སྨན་རྩྭ་ཁག་དང་པོ་སྤུ་ཧྲེང་འགག་སྒོ་ནས་བདེ་བླག་ངང་འགག་སྒོ་སྒྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-08

    ཉིན་ཤས་གོང་། རིན་ཐང་སྒོར་ཁྲི་13.03རི་བའི་སྤུས་ལེགས་ཀྲུང་ལུགས་སྨན་རྩྭ་ཁག་དང་པོ་ཏུན་2.6སྤུ་ཧྲེང་འགག་སྒོ་ནས་བདེ་བླག་ངང་བསྒྲལ་ནས། འགག་སྒོར་ཀྲུང་ལུགས་སྨན་རྩྭ་ནང་འདྲེན་ལས་སྒོ་གཉེར་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    ཀྲུང་ལུགས་སྨན་རྩྭ་ཁག་དང་པོ་བདེ་འཇགས་དང་ནུས་ཆེའི་སྒོ་ནས་འགག་སྒོ་ལས་སྒྲོལ་བར་འགན་སྲུང་བྱ་ཆེད། སྤུ་ཧྲེང་འགག་སྒོ་དོ་དམ་ཨུ་ལྷན་གྱིས་རང་འགུལ་ངང་སྔོན་ཚུད་ཞབས་འདེགས་ཞུས་ཏེ། འགག་སྒོ་དང་མཐའ་མཚམས་ཞིབ་བཤེར་སོགས་མཉམ་འབྲེལ་ཞིབ་བཤེར་ཚན་པ་དང་མཉམ་དུ། སྔོན་ནས་འོས་ཐོབ་སྔོན་ཚུད་འདྲི་ཞིབ་དང་། འཛིན་ཡིག་ཞིབ་བཤེར། སྲིད་ཇུས་མཛུབ་ཁྲིད་བཅས་བྱས་ནས། བརྒྱུད་རིམ་ཧྲིལ་པོར་ཐོགས་མེད་བགྲོད་ལམ་བཏོད་དེ། ཡིག་ཐོག་སྙན་ཞུ་དང་། དཔྱད་བཤེར། འགོས་ནད་ཞིབ་བཤེར། འགག་སྒོ་ལས་གཏོང་བ་བཅས་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་ལེགས་སུ་བཏང་བ་དང་སྦྲགས། ནང་འདྲེན་སྨན་རྩྭའི་འགོས་ནད་ཞིབ་བཤེར་ལྟ་འདོམས་དང་སྐྱེ་དངོས་བདེ་འཇགས་གྲལ་བཤེར་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ནས། ནང་འདྲེན་ལས་སྒོ་ཐོག་མ་དེ་ཚད་ལྡན་དང་། བདེ་འཇགས། ནུས་ཆེ། ཤར་གཏོང་བཅས་ཡོང་བར་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།